ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་ད་འབྱོར་བ་དང་། དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་གྲོས་མོལ་མཛད་རྒྱུ་མ་ཟད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པར་ཞུགས་རྒྱུ་རེད། ཞི་ཅིན་ཕིང་གི་ཆེད་བཏང་གནམ་གྲུ་ཅིག་ཅིན་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་མགོ་བ་ཉིག་སུན་དང་ནོར་སྲིད་པུའུ་ཀྲང་ཡེ་ལོན་སོགས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ་འབྱོར་བ་དང་། དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་གྲོས་མོལ་མཛད་རྒྱུ་མ་ཟད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པར་ཞུགས་རྒྱུ་རེད། ཞི་ཅིན་ཕིང་གི་ཆེད་བཏང་གནམ་གྲུ་ཅིག་ཅིན་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་མགོ་བ་ཉིག་སུན་དང་ནོར་སྲིད་པུའུ་ཀྲང་ཡེ་ལོན་སོགས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ནས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ་འབྱོར་བ་དང་། དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་དང་གྲོས་མོལ་མཛད་རྒྱུ་མ་ཟད། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པར་ཞུགས་རྒྱུ་རེད།
ཞི་ཅིན་ཕིང་གི་ཆེད་བཏང་གནམ་གྲུ་ཅིག་ཅིན་ཧྲན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་སྐབས། ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ཉི་ཡཱ་མངའ་སྡེའི་མགོ་བ་ཉིག་སུན་དང་ནོར་སྲིད་པུའུ་ཀྲང་ཡེ་ལོན་སོགས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
ཞི་ཅིན་ཕིང་བཞུགས་པའི་རླངས་འཁོར་རུ་ཁག་གནམ་གྲུ་ཐང་དང་བྲལ་ནས་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ཕྱི་སྡོད་རང་མི་དང་ཀྲུང་གོའི་ཕྱི་འགྲིམ་སློབ་མའི་འཐུས་མི་མང་བོས་ལམ་འགྲམ་དུ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་ལག་ཏུ་བཟུང་ཞིང་། སྤྲོ་སེམས་འཁོལ་བའི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་དག་ཀྱང་གནམ་གྲུ་གཅིག་ལ་བསྡད་དེ་འབྱོར།
ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞེ་ཧྥུན་ཡང་གནམ་གྲུ་ཐང་དུ་སོང་ནས་བསུ་བ་ཞུས།