ཟླ11པའི་ཚེས16ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་གཉིས་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ན་འབྲེལ་བ་གལ་ཆེན་འགའ་ཐག་གཅོད་བཟང་བོ་བྱེད་དགོས་ཞེས་པ་བཀོད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལན་ལེན་དུ་བསྟར་བར་སྐུལ་འདེད་གཏིབ་ཟབ་གཏོང་བའི་འགྲོས་དང་བསྟུན་ནས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་ཐད་བཅངས་པའི་ངོས་འཛིན་གཏིང་ཟབ་ཏུ་གྱུར། དུས་རབས་གསར་བའི་ལོ་བཅུའི་ལག་ལེན་དང་ཉམས་མྱོང་ལ་སྤྱི་སྡོམ་དང་མིག་སྔར་གདོང་གཏད་པའི་གནས་བབ་གསར་བ་དང་གནད་དོན་གསར་བར་དབྱེ་ཞིབ་བྱས་ནས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ངེས་པར་དུ་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་འབྲེལ་བ་གལ་ཆེན་འགའ་ཐག་གཅོད་ཡང་དག་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ནི་ཕན་ཚུན་རོགས་རེས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་ཡོད། སྤུས་ཚད་མཐོ་བའི་སྲུང་སྐྱོབ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཡིན་ལ། སྐྱེ་ཁམས་སྔོན་ལ་དམ་འཛིན་བྱེད་པ་དང་ལྷད་མེད་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་རྒྱབ་རོགས་འོག་ད་གཟོད་མངོན་འགྱུར་བྱེད་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོའི་ཁྲོད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་རྩོད་སྒྲུབ་གཅིག་གྱུར་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་མཐོ་ཚད་ནས་འཕེལ་རྒྱས་ཐད་འཆར་འགོད་བྱེད་པ་དང་། ཐོན་ཁུངས་དང་ཁོར་ཡུག་གིས་ཐེག་ཚད་དེ་སྔོན་འགྲོ་དང་རྨང་གཞིར་བྱས་ནས་རང་འགུལ་ངང་དཔལ་འབྱོར་བྱེད་སྒོ་དང་མིའི་སྤྱོད་ལམ་དེ་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་ཐེག་ཚད་ལས་མི་བརྒལ་བར་བྱེད་དགོས། སྤུས་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་འཕེལ་རྒྱས་ཡོད་པའི་འགུལ་ནུས་གསར་བ་དང་ལེགས་ཆ་གསར་བ་སྐྲུན་ནས་ལྷད་མེད་ཐཱན་ཉུང་འཁོར་སྐྱོད་ཀྱི་དཔལ་འབྱོར་མ་ལག་གྲུབ་པར་བྱས་ཏེ། འཕེལ་རྒྱས་འབྱུང་བའི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་ཕན་ནུས་ལྡན་པའི་ངང་ཇེ་དམའ་རུ་གཏོང་དགོས་ལ། འཕེལ་རྒྱས་ཀྱི་སྦུས་ཤུགས་དང་རྗེས་ཤུགས་མུ་མཐུད་ཇེ་དྲག་ཏུ་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། གཉིས་ནི་གཙོ་གནད་འགག་སྒྲོལ་དང་མཐུན་སྦྱོར་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནི་མ་ལག་བཟོ་སྐྲུན་ཅིག་ཡིན་ལ། ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་སྐྱེ་ཁམས་ཀྱི་སྤྱི་ཡོངས་རང་བཞིན། རང་བྱུང་ས་ཁམས་ཀྱི་རྒྱུད་མཐུད་རང་བཞིན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་བཅས་གཅིག་གྱུར་བྱེད་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་དམ་འཛིན་བྱས་ཏེ། འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐད་བྱེད་ཐབས་ནུས་ལྡན་སྤྱོད་པ་དང། དམིགས་འབེན་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ་དང་འབག་བཙོག་འགོག་བཅོས་ལ་མཐུན་སྦྱོར་བྱེད་པ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་བྱེད་པ། སྲིད་ཇུས་མཐུན་སྦྱོར་བྱས་ནས་བྱ་བ་ཁག་སོ་སོའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་མུ་མཐུད་ཇེ་དྲག་ཏུ་གཏོང་དགོས། མིག་སྔར་འཐབ་ཇུས་ངེས་ཤུགས་ངེས་པར་དུ་རྒྱུན་འཁྱོངས་དང་འབག་བཙོག་འགོག་བཅོས་དམག་འཐབ་རྒྱུན་མཐུད་ངང་ཡག་པོར་རྒྱག་དགོས།
རྩོམ་ཡིག་ལས་བསྟན་དོན། གསུམ་ནི་རང་བྱུང་སྒོས་སླར་གསོ་འབྱུང་བ་དང་མིས་སླར་གསོ་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཐོག་མར་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་དགོས་ལ། རང་བྱུང་ཁམས་སླར་གསོ་འབྱུང་བར་འདང་ངེས་ཀྱི་དུས་ཚོད་དང་བར་སྟོང་སྟེར་དགོས་ཤིང་རང་བྱུང་ཁམས་ཀྱིསྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་མ་ལག་སྙོམ་སྒྲིག་ཡོང་བར་བྱེད་དགོས། དེ་དང་མཉམ་དུ་རང་བྱུང་སླར་གསོའི་ཚད་བཀག་དང་ཚད་མཐས་མིས་སླར་གསོ་བྱེད་པའི་ཐད་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད་ལ། ལས་དོན་ཡག་པོ་བསྒྲུབ་པར་བར་སྟོང་ཡངས་པོ་བསྐྲུན་ཡོད། རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་སླར་གསོ་གཉིས་གཅིག་བསྡུས་བྱས་ནས་གནས་དང་དུས་དང་རྐྱེན། ཁུལ་བགར་རིགས་བགར་ངང་བྱེད་ཐབས་བཏོན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཐབས་ལམ་ཡག་ཤོས་བཙལ་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་་ཐང་དང་བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་ཀྱིས་མཐོ་རི་བོའི་རྩེ་ནས་དམའ་རྒྱ་མཚོའི་གཏིང་གི་བར་དུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་རྣམ་པ་གྲུབ་པར་བྱས་ནས་རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་སླར་གསོའི་བྱེད་ཐབས་གཉིས་ཕྱོགས་བསྡུས་སྒོས་བཀོད་སྤྱོད་བྱས་ནས་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ལས་བསྟན་དོན། བཞི་ནས་ཕྱི་ཕྱོགས་བཀག་སྡོམ་དང་ནང་སྐྱེས་སྒུལ་ཤུགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ལྷད་མེད་པའི་སྐྱེ་ཁམས་ཁོག་ཡུག་ནི་ཆེས་འདྲ་མཉམ་གྱི་སྤྱི་པའི་ཐོན་རྫས་ཡིན་ལ། ཆེས་སྤྱི་ཕན་གྱི་དམངས་ཚིས་བདེ་སྐྱིད་ཡིན། མི་རེ་རེ་ནས་མགོ་རྩོམ་པ་དང་མི་རེ་རེས་འགན་འཁྲི་དང་དུ་བླངས་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་རེ་འབོད་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་ནས་གནས་སྒུལ་ཤུགས་བཏོན་ཚེ། ད་གཟོད་ཀྲུང་ཧྭའི་ས་གཞི་ཆེན་མོ་འདིའི་ཨ་སྔོན་གྱི་མཐོངས་ཡངས་ཤིང་རི་ཚོགས་ཀྱི་རྔམ་མཐོ་བ། གཙང་བོ་ཡི་རྒྱུན་རིང་བར་ངེས། ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་གཟབ་ནན་གྱི་ཁྲིམས་སྐྱོང་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་རྒྱུན་རྣམ་ཅན་གྱི་ཕྱི་ཕྱོགས་གནོན་ཤུགས་རྒྱུན་འཁྱོངས་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། ལྔ་ནས་ཐཱན་གཉིས་དམ་བཅའ་དང་རང་མོས་འགུལ་སྐྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་བསམ་བློ་ཞིབ་མོ་བཏང་རྗེས་ཐག་བཅད་པའི་འཐབ་ཇུས་གལ་ཆེན་ཡིན་ལ། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕུལ་བའི་དམ་བཅའ་ཡིན་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་གཞི་བརྗེ་སྤོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ལྷད་མེད་ཐཱན་དམའ་ཐོན་ལས་ཀྱི་འགྲན་རྩོད་ལེགས་ཆ་གྲུབ་པར་བྱེད་དགོས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་བླང་བྱ་མངོན་འགྱུར་བྱེད་དགོས། ང་ཚོས་བཏོན་པའི་ཐཱན་གཉིས་དམིགས་འབེན་ནི་འགྱུར་བ་མེད་པ་ཞིག་ཡིན་ལ། དམིགས་འབེན་འདིར་སླེབས་པའི་བརྒྱུད་ལམ་དང་རྣམ་པ། གོམ་འགྲོས། ཤུགས་ཚད་བཅས་ངེས་པར་རང་ཉིད་ཀྱིས་ཚོད་འཛིན་བྱེད་པ་ལས་གཞན་པས་ཐེ་གཏོགས་བྱེད་མི་རུང་། ནུས་ཁུངས་གསར་བའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་དུ་བཏང་ནས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་དགོས། ཐོན་ལས་སྒྲིག་གཞི་དག་སྒྲིག་དང་ལེགས་བཅོས་བྱས་ཏེ་ཕན་ནུས་ལྡན་པའི་ངང་ཐོན་ཁུངས་བེད་སྤྱོད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པ། དྲོད་ཁང་ལས་རླངས་དབུགས་ཕྱིར་གཏོང་ཚད་ལ་ཚོད་འཛིན་བྱེད་པའི་རྨང་གཞིའི་སྟེང་འཕེལ་རྒྱས་མངོན་པར་བྱེད་དགོས། སྲོལ་རྒྱུན་ལས་རིགས་ཀྱིས་བཟོ་ལས་སྒྱུ་རྩལ་དང་ལག་རྩལ། སྒྲིག་ཆས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ལྷད་མེད་ཐཱན་དམའ་རུ་རིམ་སྤོར་བྱེད་པ་མངོན་འགྱུར་བྱེད་དགོས སྔར་ལས་ཧུར་ཐག་གིས་འཛམ་གླིང་ཧྲིལ་བོའི་མཁའ་དབུགས་བཅོས་སྐྱོང་ཁྲོད་ཞུགས་ནས་སྔར་ལས་ཁེ་ཕན་ལྡན་པའི་རྣམ་པ་གསར་བ་བསྐྲུན་དགོས།
མི་ཕམ་མགོན་པོས་བསྒྱུར།