ས་དེའི་དུས་ཚོད་ཟླ11ཚེས16ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་གཙོ་གཉེར་རྒྱལ་ཁབ་ཀྱི་སྐུ་མགྲོན་བར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་ཉིན་གུང་གསོལ་སྟོན་ལ་ཞུགས།
ས་དེའི་དུས་ཚོད་ཟླ11ཚེས16ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དང་གཙོ་གཉེར་རྒྱལ་ཁབ་ཀྱི་སྐུ་མགྲོན་བར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་ཉིན་གུང་གསོལ་སྟོན་ལ་ཞུགས།
ཞི་ཅིན་ཕིང་གིས་རྒྱུན་མཐུད་འཕེལ་རྒྱས་ནི་མིག་སྔའི་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ཅིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས2040ལོའི་པུའུ་ཐི་ལ་ཅཱ་ཡའི་བསམ་འདུན་དོན་འཁྱོལ་གཏིང་ཟབ་བྱས་ནས། 《སྐྱེ་དངོས་འཁོར་རྒྱུག་དང་ལྗང་མདོག་དཔལ་འབྱོར་གྱི་མན་ཀུའུ་དམིགས་འབེན》ལག་བསྟར་གང་ལེགས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། མིག་སྔའི་གནས་སྟངས་འོག་ཏུ། ང་ཚོས་མཉམ་དུ་ངོས་འཛིན་སྔར་ལས་གཅིག་སྒྲིལ་དང་བྱ་སྤྱོད་ལ་དམ་པོར་དམིགས་ནས། འཛམ་གླིང་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལས་དོན་ལ་སྒུལ་ཤུགས་སྔར་ལས་ཆེན་པོ་སྣོན་དགོས། གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། གཉིས་ནས་ལྗང་མདོག་འཕེལ་རྒྱས་ཚུལ་སྒྱུར་གྱི་ཐབས་ལམ་གསར་པ་བསྐྲུན་དགོས། གསུམ་ནས་འཛམ་གླིང་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན། ཀྲུང་གོས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། ལྗང་མདོག་གི་རྨང་གཞིའི་འཛུགས་སྐྲུན་དང་ལྷད་མེད་ནུས་ཁུངས། ལྗང་མདོག་གི་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་མཉམ་ལས་ཆེད་དོན་མ་དངུལ་བཏང་བ་བརྒྱུད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་། དྭངས་གཙང་མཛེས་སྡུག་གི་འཛམ་གླིང་བསྐྲུན་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ཐེངས་འདིའི་ཚོགས་འདུ་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏེན་གྱིས་མགོ་འཛིན་གནང་བ་དང་། ཚོགས་འདུའི་གྲོས་གཞི་ནི“རྒྱུན་མཐུད་དང་གནམ་གཤིས། དྲང་བདེན་བཅས་ཀྱི་ནུས་ཁུངས་གཞན་སྒྱུར”ཞེས་པ་དེ་རེད།
ཝང་དབྱི་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།