ཞི་ཅིན་ཕིང་གིས་ཝུན་ལེའི་སུའུ་ཏན་ཧཱ་སང་ན་ཨར་ལ་ཐུག་འཕྲད་བྱས།
2023.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ས་གནས་དེའི་ཟླ11པའི་ཚེས16ཉིན་གྱི་ཕྱི་་དྲོར། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིག་ཅིན་ཧྲན་ནས་ཝུན་ལེའི་སུའུ་ཏན་ཧཱ་སང་ན་ཨར་ལ་ཐུག་འཕྲད་བྱས།

ས་གནས་དེའི་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིག་ཅིན་ཧྲན་ནས་ཝུན་ལེའི་སུའུ་ཏན་ཧཱ་སང་ན་ཨར་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝུན་ལེ་ནི་རྒྱ་མཚོས་ཆོད་པའི་གྲོགས་པོ་བཟང་པོ་དང་ཁྱིམ་མཛེས་བཟང་པོ་ཡིན་ལ། ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཟླ་གྲོགས་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་གཏིང་ཟབ་ཏུ་བཏང་ནས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་བཟང་པོ་བླངས་ནས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་ཆེ་ཆུང་བར་འདྲ་མཉམ་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་བསྐྲུན་ནས་ས་གནས་ཞི་བདེ་དང་བརྟན་འཇགས་ཡོང་བར་བྱས་རྗེས་བཞག ད་ལོ་ནི་ཀྲུང་གོ་དང་ཝུན་ལེ་བར་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་ལྔ་འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུན་ལེ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་སྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུན་ལེ་ཕྱོགས་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། ཝུན་ལེ་ཕྱོགས་ཀྱིས་ཀྲུང་གོར་ཁ་ཕྱོགས་པའི་ཐོན་རྫས་ལེགས་ཤོས་ཀྱི་སྒོ་འབྱེད་རྒྱ་བསྐྱེད་གཏོང་བར་དགའ་བསུ་ཞུ་བ་ད་ང། ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཝུན་ལེར་སོང་ནས་དངུལ་གཏོང་ལས་གཉེར་བྱེད་པར་སྐུལ་མ་བྱས་ནས་འབྲུ་རིགས་བདེ་འཇགས་དང་ཨང་ཀིའི་དཔལ་འབྱོར། ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཁག་གི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་གཏོང་བ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར། ས་གནས་སོགས་མི་གཞུང་བརྗེ་རེས་བྱེད་དགོས། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག མཚོ་ཐོག་ནས་མཉམ་དུ་འཕེལ་རིམ་གསར་བ་ལེན་པར་སྐུལ་འདེད་བཏང་ནས་མཉམ་དུ་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡའི་ཤར་མའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཝུན་ལེ་ཕྱོགས་དང་མཉམ་དུ་ཁུལ་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་དང་ཨེ་ཤ་ཡའི་ཤར་མའི་མཉམ་ལས་ཀྱི་ཁ་ཕྱོགས་ཡང་དག་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

ས་གནས་དེའི་ཟླ11པའི་ཚེས16ཉིན་གྱི་ཕྱི་་དྲོར། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིག་ཅིན་ཧྲན་ནས་ཝུན་ལེའི་སུའུ་ཏན་ཧཱ་སང་ན་ཨར་ལ་ཐུག་འཕྲད་བྱས།

ཧཱ་སང་ན་ཨར་གྱིས་ཡར་སྔོན་ཀྲུང་གོ་ཕྱོགས་ཀྱིས་ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས་བདེ་ལེགས་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང། ཝུན་ལེ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ནམ་ཡང་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱས་ཡོད་ལ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཀྱི་འཕེལ་རིམ་བདེ་ལེགས་ཡིན། ཝུན་ལེས་ནམ་ཡང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། མུ་མཐུད་དུ་ཉོ་ཚོང་དང་ཞིང་ལས། ཉ་ལས། ལྷད་མེད་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཝུན་ལེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨ་ཤེ་ཡ་ཤར་ལྷོའི་མནའ་མཐུན་གྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་བསྣན་ནས་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འགུལ་སྐྱོད་ཚད་གཞི་སྔ་མོ་ནས་གྲུབ་པར་བྱས་ནས་མཉམ་དུ་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ཞི་བདེ་དང་མཛད་མཐུན་གྱི་བསྟི་གནས་སུ་འགྱུར་བར་བྱས་ནས་ས་གནས་དེའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་དགོས། ཝུན་ལེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕ་ལི་སི་ཐཱན་དང་དབྱི་སི་རལ་གྱི་འགན་རྩོད་སོགས་ས་གནས་གནད་དོན་ཐད་འབྲེལ་འདྲིས་དམ་ཟབ་བྱེད་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ལྦང་དབྱི་སོགས་ཐུག་འཕྲད་ཁྲོད་ཞུགས།

མི་ཕམ་མགོན་པོས་བསྒྱུར།