རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིལང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་རྩེ་ཚོགས་སྟེང་སྤེལ་བའི་ཡིག་ཐོག་གསུང་བཤད་ལ་གདེང་འཇོག་གང་ལེགས་བྱས། རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དགོངས་གལ་ཆེན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་དུ་ཞི་བདེ་འཕེལ་རྒྱས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས་པའི་ཐུན་མོང་གི་ངོས་འཛིན་སླར་ཡང་གཅིག་སྡུད་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་ཡིད་ཆེས་དང་སྒུལ་ཤུགས་བསྩལ་ཡོད་ཟེར།
རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡིག་ཐོག་གསུང་བཤད་ལས། ཀྲུང་གོས་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་གང་ལེགས་སྒོས་འཁུར་ནས། ཕྱོགས་སོ་སོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་དང་དར་རྒྱས་ཀྱི་མ་འོངས་པའི་མདུན་ལྗོངས་ཆེན་མོར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།