ཟླ11ཚེས18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཅིག་ཅིན་ཧྲན་དུ། ཀྲུང་གོ་དང་ཨ་མེ་རི་ཁའི་གཙོ་འཛིན་བར་གྱི་མཇལ་འཕྲད་གནང་ཚར་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་ཚར་རྗེས། ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་པེ་ཅིང་དུ་འབྱོར།
ས་དེའི་དུས་ཚོད་ཟླ11ཚེས17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཅིག་ཅིན་ཧྲན་ནས་ཁ་འབྲལ་སྐབས། ཅིག་ཅིན་ཧྲན་གྲོང་ཁྱེར་གྱི་མགོ་གཙོ་པུའུ་ལིས་ཏི་སོགས་ཨ་མེ་རི་ཁ་ཕྱོགས་ཀྱི་འཐུས་མིས་གནམ་ཐང་དུ་སྐྱེལ་མ་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་ཚང་མ་མཉམ་དུ་གནམ་གྲུར་བསྡད་ནས་ཕྱིར་པེ་ཅིང་དུ་འབྱོར།
བན་དེ་སྐྱབས་ཀྱིས་བསྒྱུར།