རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས།
2023.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས། མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མངོན་པར་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མ་འོངས་པའི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུ་མཉམ་སྐྲུན་ཐད་མཛུབ་སྟོན་གང་ལེགས་གནང་བ་དང་། གསུང་བཤད་དེས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་ཡིན་ཟེར།

རྒྱལ་སྤྱིའི་མི་སྣས་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བཞིན་པ་དེ་ནི། ས་ཁུལ་དང་འཛམ་གླིང་གི་ངོས་ནས་བཤད་ན་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་གང་མང་ཞིག་ཡིན་པ་མཚོན་ཐུབ་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་ཅིང་། འཛམ་གླིང་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་ཐུབ་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།