ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་དྲུག་གིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་སྐབས་དགུ་པའི་བྱེད་སྒོ་སྤེལ་མགོ་བརྩམས།
2023.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

ཉེ་ལམ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་སོགས་སྡེ་ཁག་དྲུག་གིས་བརྡ་ཐོ་དང་ལག་བསྟར་བྱེད་ཐབས་དངོས་སུ་པར་འགྲེམས་བྱས་ནས། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་སྐབས་དགུ་པ་སྤེལ་བའི་ལས་དོན་ལ་བཀོད་སྒྲིག་བྱས།

བརྡ་ཐོ་ལས་ནན་བཤད་བྱས་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོ་དང་བྱ་བའི་ཁྱོན་ཡོངས་ནས་རྐང་འཛུགས་རྒྱུ་དང་བསམ་པའི་ཀ་རྟེན་འཛུགས་པ། རིན་ཐང་གི་ཚད་གཞི་གཉེར་བ། དུས་རབས་ཀྱི་མི་གསར་པ་སྐྱེད་སྲིང་བྱེད་པ་བཅས་ལ་དམ་པོར་དམིགས་པ་དང་། སེམས་ཤུགས་འཕེལ་བར་བྱེད་པ་དང་འབད་འཐབ་ཀྱི་སེམས་ཤུགས་འཕེལ་བར་བྱ་རྒྱུར་དམ་པོར་དམིགས་པ། བྱས་རྗེས་འབུར་ཐོན་ཡིན་པ་དང་མང་ཚོགས་ཀྱིས་ཁས་ལེན་ཐོབ་པ། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ། དཔེ་སྟོན་རང་བཞིན་ཆེ་བ་བཅས་ཀྱི་ཀུན་སྤྱོད་དཔེ་བཟང་མི་སྣ་ཁག་གཅིག་བདམས་ནས། དུས་རབས་གསར་པའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་གཅིག་སྡུད་སྒོས་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གང་ལེགས་སྒོས་མངོན་པར་བྱེད་དགོས། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་སྐབས་དགུ་པ་སྤེལ་རྒྱུ་འདི་ཉིད། བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་ལས་དོན་ལ་བརྩིས་ནས་དེར་བཀོད་སྒྲིག་ཞིབ་ཚགས་དང་རྩ་འཛུགས་ཞིབ་མོ་བྱས་ཏེ། དཔེ་བཟང་གི་བྱས་རྗེས་དྲིལ་སྒྲོག་དང་དཔེ་བཟང་གི་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་པ། དཔེ་བཟང་གི་སྙིང་སྟོབས་ལག་བསྟར་བཅས་བྱ་རྒྱུ་དེ་དཔྱད་འདེམས་གཟེངས་བསྟོད་ཀྱི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཀུན་སྤྱོད་ལ་མཐོང་ཆེན་བྱེད་པ་དང་ཀུན་སྤྱོད་ལ་བརྩི་བཀུར་བྱེད་པ། ཀུན་སྤྱོད་སྲུང་བ་བཅས་ཀྱི་དུས་རབས་གསར་པ་དང་དར་སྲོལ་གསར་པ་ཞིག་གྲུབ་པར་འབད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།