རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས20ཉིན་པེ་ཅིང་དུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཁྲིད་པའི་ཨ་རབ་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོའི་མཉམ་འབྲེལ་འཐུས་ཚབ་ཚོགས་པར་མཉམ་དུ་མཇལ་འཕྲད་གནང་བ་དང་། ཅོར་ཏན་དང་ཨེ་ཅིབ། ཕ་ལེ་སི་ཐན། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱི་ཕྱི་འབྲེལ་དཔོན་པོ་དང་དབྱི་སི་རལ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སོགས་མཇལ་འཕྲད་ལ་ཞུགས།
ཟླ11པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཁྲིད་པའི་ཨ་རབ་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་པོའི་མཉམ་འབྲེལ་འཐུས་ཚབ་ཚོགས་པར་མཉམ་དུ་མཇལ་འཕྲད་གནང་བ་དང་། ཅོར་ཏན་དང་ཨེ་ཅིབ། ཕ་ལེ་སི་ཐན། ཧིན་རྡུ་ཉི་ཞི་ཡ་བཅས་ཀྱི་ཕྱི་འབྲེལ་དཔོན་པོ་དང་དབྱི་སི་རལ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སོགས་མཇལ་འཕྲད་ལ་ཞུགས།
ཧན་ཀྲིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་དང་དབྱི་སི་རལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམིགས་བསལ་རྩེ་ཚོགས་ཀྱི་ཞི་བདེར་བརྩོན་པའི་ལས་དོན་དང་དྲང་གཞག་འབོད་སྒྲར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། རྩེ་ཚོགས་ཀྱི་པུའུ་ཀྲང་རིམ་པའི་མཉམ་འབྲེལ་རྗེས་མཐུད་ཨུ་ཡོན་ལྷན་ཁང་གིས་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་ངེས། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་ཅཱ་ཧྲའི་རྙོག་འཛིང་ཛ་དྲག་གི་མི་ཆོས་གནས་བབ་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཅཱ་ཧྲའི་བྲེལ་མྱུར་དངོས་རྫས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན། ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་དང་དབྱི་སི་རལ་རྒྱབ་ཁབ་སོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་དང་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་བཟང་དུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་བསྐྱར་དྲན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན།
ཧྥེ་སཱ་ཨར་གྱིས་ཀྲུང་གོ་ཕྱོགས་ཀྱིས་འགོ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་བྱུང་བའི་གྲོས་ཆོད་གལ་ཆེན་ལ་སྐུལ་འདེད་བཏང་བར་བཀའ་དྲིན་ཞུས་པ་ཡིན། ཨ་རབ་དང་དབྱི་སི་རལ་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྩ་དོན་རྒྱུན་འཁྱོངས་དང་དྲང་གཞག་སྲུང་འཛིན་བྱས་པར་ཚད་མཐོའི་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ། འཁྲུག་རྩོད་མྱུར་དུ་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་མི་ཆོས་རོགས་སྐྱོར་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པར་རེ་བ་བཅངས་ཡོད་ཅེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།