ཟླ11པའི་ཚེས21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་དམིགས་བསལ་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས། 《དམག་འཁྲུག་རྒྱག་མཚམས་བཞག་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཟླ11པའི་ཚེས21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་དམིགས་བསལ་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས། 《དམག་འཁྲུག་རྒྱག་མཚམས་བཞག་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རྩེ་ཚོགས་ནི་གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་རྒྱ་བསྐྱེད་བཏང་བའི་རྗེས་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐོག་མ་རེད། མིག་སྔའི་གནས་བབ་འོག་ཏུ། གསེར་གྱོམ་རྒྱལ་ཁབ་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་དྲང་བདེན་དང་ཞི་བདེའི་འབོད་སྐུལ་བཏང་བ་དེ་ནི་དུས་ཐོག་ཏུ་འཁེལ་བ་དང་ཧ་ཅང་དགོས་ངེས་ཤིག་ཡིན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་བྱུང་ནས་ཟླ་གཅིག་ལྷག་འགོར་ཡོད་ཅིང་། འཁྲུག་རྩོད་དེས་མི་སེར་དཀྱུས་མར་ཤི་རྨས་དང་མི་ཆོས་རིང་ལུགས་ཐད་གནོད་འཚེ་ཚབས་ཆེན་བཟོས་པ་དང་། དམག་འཁྲུག་ཕྱིར་མཆེད་ཚད་ཚབས་ཆེན་ཡིན་པའི་རྣམ་པ་ཐོན་གྱིན་པའི་གནས་སྟངས་ལ་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། འཕྲལ་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་ནི། གཅིག་ནས་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་འཕྲལ་དུ་མཚོན་ཆ་བསྐྱུར་ནས་དམག་འཁྲུག་མཚམས་འཇོག་དགོས་པ་དང་། མི་སེར་དཀྱུས་མར་དམིགས་པའི་དྲག་ཤུགས་དང་འཇབ་རྒོལ་ཡོད་ཚད་མཚམས་འཇོག་དགོས་ལ། མི་སེར་དཀྱུས་མ་བཀག་ཉར་བྱས་པ་རྣམས་གློད་གྲོལ་བཏང་ནས། སྔར་ལས་ཚབས་ཆེ་བའི་སྡུག་བསྔལ་གྱི་མེ་འོབས་སུ་མི་ལྷུང་བར་བྱེད་དགོས། གཉིས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བགྲོད་ལམ་བདེ་འཇགས་ངང་བཏོད་ཐུབ་པར་འགན་ལེན་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྔར་ལས་གང་མང་འདོན་སྤྲོད་བྱས་ཏེ། བཙན་ཤེད་ངང་གནས་སྤོར་དུ་འཇུག་པ་དང་ཆུ་གློག་སྣུམ་གསུམ་སོགས་གཅོད་པའི་ཅཱ་ཧྲ་ཡི་མང་ཚོགས་ལ་ཐད་ཀར་དམིགས་པའི་བསམ་སྦྱོར་ཅི་རིགས་སྤེལ་མཚམས་འཇོག་དགོས། གསུམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་དངོས་སྤྱད་དེ་འཁྲུག་རྩོད་ཀྱི་ཁྱབ་རྒྱ་སྔར་ལས་ཇེ་ཆེ་རུ་འགྲོ་བར་སྔོན་འགོག་བྱས་ནས། དབུས་ཤར་ས་ཁུལ་ཧྲིལ་པོའི་བརྟན་ལྷིང་ལ་ཤུགས་རྐྱེན་མི་ཐེབས་པར་བྱེད་དགོས། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་སྟངས་མིག་སྔའི་འདི་འདྲར་གྱུར་བའི་གཞི་རྩ་ནི། ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་དབང་ཆ་དང་འཚོ་གནས་དབང་ཆ། ཕྱིར་ལོག་དབང་ཆ་བཅས་ལ་དུས་ཡུན་རིང་བོའི་བར་སྣང་མེད་དུ་བསྐྱུར་བས་ལན་པ་ཡིན། ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་བསྡུམས་པའི་རྩ་བའི་ཐབས་ལམ་ནི། “རྒྱལ་ཁབ་གཉིས་ཀའི་ཇུས་གཞི”དོན་འཁྱོལ་བྱས་ནས། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱས་ཏེ། རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་ངང་ཐག་གཅོད་མ་བྱས་ན། དབུས་ཤར་ས་ཁུལ་ལ་ཡུན་རིང་གི་ཞི་བདེ་བརྟན་ལྷིང་ཡོང་ཐབས་བྲལ། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་དབང་གྲགས་ལྡན་པའི་རྒྱལ་སྤྱིའི་ཚོགས་འདུ་གང་མགྱོགས་ངང་བསྡུས་ནས། རྒྱལ་སྤྱིའི་སྐུལ་འདེད་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་གང་མགྱོགས་སྒོས་ཁྱོན་ཡོངས་དང་དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འཁྲུག་རྩོད་འདི་བྱུང་བ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་ཡོང་ཐབས་སུ་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དམག་འཁྲུག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་བ་དང་ཅཱ་ཧྲ་ས་ཁུལ་ལ་བྲེལ་མྱུར་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ་ཡིན་ལ། ད་དུང་མུ་མཐུད་དུ་ཅཱ་ཧྲ་མི་དམངས་ཀྱི་དགོས་མཁོར་དམིགས་ནས་དངོས་རྫས་ཀྱིས་རོགས་སྐྱོར་བྱ་རྒྱུ་ཡིན། ཟླ་འདིའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཀྲུང་གོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་འབྱུང་བར་སྐུལ་འདེད་བཏང་སྟེ། མི་ཆོས་རིང་ལུགས་ལ་བརྟེན་ནས་གནས་སྐབས་རིང་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་། མི་ཆོས་རིང་ལུགས་ཀྱི་བར་ཁྱམས་འབྱེད་ཡུན་ཇེ་རིང་དུ་བཏང་ནས། མི་སེར་དཀྱུས་མ་ལ་སྲུང་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་གསེར་གྱོམ་མཉམ་ལས་ལམ་སྲོལ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན། དེ་རིང་ང་ཚོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ལངས་ཕྱོགས་མཐུན་སྦྱོར་དང་བྱ་སྤྱོད་སྤེལ་ནས། གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་སྔར་ལས་ཇེ་མང་དུ་བཏང་རྗེས་ཀྱི“གསེར་གྱོམ་མཉམ་ལས་ཆེན་མོའི”མགོ་ཡག་པོ་ཞིག་བརྩམས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ། གསེར་གྱོམ་མཉམ་ལས་ཀྱི་དུས་རབས་གསར་པ་བསྐྲུན་འདོད་ཡོད་ཅེས་གསུངས།
ཟླ11པའི་ཚེས21ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་དམིགས་བསལ་བརྙན་ལམ་རྩེ་ཚོགས་ལ་ཞུགས་ནས། 《དམག་འཁྲུག་རྒྱག་མཚམས་བཞག་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།
ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སཱ་ཡིས་རྩེ་ཚོགས་ལ་མགོ་འཛིན་བྱས་པ་དང་། པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མོ་ཏི། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། དབྱི་ལང་གི་ཙུང་ཐུང་ལའེ་ཞི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏི། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་བཅས་དང་། རྒྱ་གར་དང་ཨ་ཀེན་ཐིན་གྱི་ཕྱི་འབྲེལ་པུའུ་ཀྲང་སོགས་ཚོགས་འདུར་ཞུགས།
ཚའེ་ཆི་དང་ཝང་དབྱི་སོགས་རྩེ་ཚོགས་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།