ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་བསྡུས།
2023.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་རིགས་སློབ་གསོ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་རིགས་སློབ་གསོའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་བྱེ་བྲག་ཏུ་དངོས་འབེབས་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གསལ་ཁྲ་གསུམ་དང་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་འགུལ་སྐྱོད་ཇུས་གཞི་གཏན་འབེབས་བྱས་ནས་བཏོན་ཏེ། སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱེད་དགོས་པར་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཁྲིན་ཀང་གིས་གཏམ་བཤད་སྐབས་རང་ཞིང་གི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལས་རིགས་སློབ་གསོ་དང་ཐོན་ལས་དགོས་མཁོ། མི་དམངས་ཀྱི་རེ་འདུན། རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རེ་བ་བཅས་ལ་མི་འཚམ་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱེད་དགོས་ཟེར། ཁོས་བསྟན་དོན། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ལས་རིགས་སློབ་གསོས་སྔར་མེད་ཀྱི་གོ་སྐབས་ཆེན་མོ་བྱུང་བ་དང་། ཐོན་ལས་འཕེལ་རྒྱས་ལས་འཇོན་མིར་སྔར་མེད་ཀྱི་དགོས་མཁོ་བྱུང་ཡོད་ལ། ལས་རིགས་སློབ་གསོ་ལས་གསར་གཏོད་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་སྣང་ཚུལ་ཧ་ཅང་བཟང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱི་བྱིས་པར་སྔར་ལས་ལྷག་པའི་སློབ་གསོ་ཐོབ་པའི་རེ་བ་དང་འདུ་ཤེས་ཇེ་དྲག་ཏུ་སོང་ཡོད་པས། མཚོ་སྔོན་གྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་དུས་ལ་བབས་ཡོད་ཟེར།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ན། སློབ་གསོ་ནི་གནད་འགག་ཡིན་པ་དང་། ལས་རིགས་སློབ་གསོ་ལྷག་ཏུ་གལ་ཆེན་ཡིན། མཚོ་སྔོན་གྱིས་ལས་རིགས་སློབ་གསོ་དམ་འཛིན་བྱེད་པའི་དུས་ལ་བབས་ཡོད་པས། ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོར་འདེགས་བྱེད་པ། ཕན་འབྲས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་དང་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སློབ་གསོའི་ཞབས་ཞུ་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཚོ་སྔོན་གྱི་མིག་དཔེ་བཅས་གསར་སྐྲུན་བྱས་ཏེ། རྨང་གཞི་སྲ་བརྟན་དུ་གཏོང་བའི་སྙིང་བོ་ནི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་དང་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བར་རག་ལས་ཡོད། སློབ་གསོའི་སྤུས་ཚད་མཐོ་འདེགས་བྱེད་པར་བསམ་བློ་གཏོང་བ་དང་ས་ཁོངས་ཀྱི་ལས་རིགས་སློབ་གསོའི་ཐོན་ཁུངས་ལ་གཅིག་འདོམས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དགེ་བཟོ་པའི་འདུ་ཤེས་བསྒྱུར་བ་དང་སློབ་གྲྭའི་བཀོད་སྒྲིག་ལེགས་སྒྱུར་སྒོས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་དགོས། ཟི་ལིང་དང་མཚོ་ཤར། མཚོ་ནུབ་བཅས་ཀྱིས་ཕྱོགས་བསྡུས་འཕེལ་རྒྱས་ནུས་པ་མཐོར་འདེགས་བྱས་ཤིང་། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཙོ་བྱས་ནས། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་བར་གྱི་འཕེལ་རྒྱས་ལ་ཤུགས་སྣོན་དགོས་པ་དང་། མཚོ་བྱང་དང་མཚོ་ལྷོ། ཡུས་ཧྲུའུ། མགོ་ལོག རྨ་ལྷོ་བཅས་ཀྱིས་རང་སྟེང་གི་ཁྱད་ལྡན་ཁྱད་སྟོབས་བེད་སྤྱད་དེ། སློབ་མའི་ལག་རྩལ་ནུས་པ་མཐོར་འདེགས་དང་ཕྱོགས་ཡོངས་ཀྱི་འཇོན་ཐང་རྒྱས་པར་དམིགས་ནས་མཐོ་རིམ་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྒྲུབ་སྤུས་ཚད་ཇེ་མཐོར་གཏོང་དགོས། སྤུས་ཚད་མཐོར་འདེགས་བྱེད་པའི་ངོ་བོ་ནི་ལས་རིགས་སློབ་གསོའི་ནང་བཅུད་རྣམ་པའི་འཕེལ་རྒྱས་བགྲོད་ལམ་ཡིན། ཚོང་ར་དང་ལས་ཞུགས་གནས་བབ་ལ་དམ་པོར་དམིགས་ནས་ཆེད་ལས་རྣམ་གྲངས་ལེགས་སྒྱུར་དང་། ལས་རིགས་སློབ་གསོའི་རྣམ་པ་དང་ཁྱད་ཆོས་དང་ཡོངས་སུ་འཚམ་པའི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་པོས་འཇོན་ཐང་ལྡན་པའི་དགེ་རྒན་གསོ་སྐྱོང་བྱེད་པ་དང་། དེང་རབས་ལས་རིགས་སློབ་གསོའི་མ་ལག་བཙུགས་ནས་ལས་རིགས་སློབ་གསོའི་སྤུས་འདེགས་ལེགས་སྤེལ་ལ་སྐུལ་འདེད་གཏོང་དགོས། ཕན་འབྲས་ཇེ་དྲག་ཏུ་གཏོང་བའི་དམིགས་ཡུལ་ནི་ངེས་པ་དོན་གྱིས་འཇོན་མིའི་ཕན་ནུས་དེ་འཕེལ་རྒྱས་ཀྱི་ཕན་ནུས་སུ་བསྒྱུར་རྒྱུ་དེ་ཡིན། གཙོ་བོ་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་ལ་དམིགས་ཏེ། ཧུར་ཐག་སྒོས་ཐོན་སྐྱེད་དང་སློབ་གསོའི་གཅིག་འདྲེས་དང་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལས་རིགས་ཀྱི་ཁེ་ལས་དག་ལས་རིགས་སློབ་གསོའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ། ལས་རིགས་སློབ་གྲྭའི་སློབ་མ་དག་འདྲ་མཉམ་ངང་ཚོང་རའི་འགྲན་རྩོད་ནང་ཞུགས་པའི་ཁོར་ཡུག་བཟང་བོ་བསྐྲུན་ནས། མཚོ་སྔོན་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཆེད་དུ་སྔར་ལས་མང་བའི་ལག་རྩལ་འཇོན་མི་གསོ་སྐྱོང་བྱེད་དགོས། ཁྲིན་ཀང་གིས་ཏང་གི་ལས་རིགས་སློབ་གསོའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་རིགས་སློབ་གསོའི་རོགས་ལས་སྐུལ་འདེད་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ལས་རིགས་སློབ་གསོའི་འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་རིགས་སློབ་གསོར་སེམས་ཁུར་བྱེད་པ་དང་ལས་རིགས་སློབ་གསོར་རྒྱབ་སྐྱོར་བྱེད་པ། ལས་རིགས་སློབ་གསོའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། ཧུར་ཐག་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ལག་རྩལ་འཇོན་མིའི་གཞོགས་འདེགས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཤུགས་ཆེན་པོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་དར་རྒྱས་སུ་གཏོང་བ་དང་མཐོ་རིམ་ལས་རིགས་སློབ་གྲྭ་ལེགས་སྒྱུར་བྱས་ནས་ཚོགས་ཁག་རྣམ་པ་ཅན་གྱི་རོགས་སྐྱོར་རྐྱེན་སྲོལ་བཙུགས་ནས། ལས་རིགས་སློབ་གསོའི་རྒྱལ་སྤྱི་དང་རྒྱལ་ནང་གི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཐོན་སྐྱེད་དང་སློབ་གསོ་གཅིག་འདྲེས་ལ་ཤུགས་སྣོན་པ་གཙོར་བཟུང་སྟེ། ནང་བཅུད་རྣམ་པ་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་འགྲོ་བ་རྒྱུན་འཁྱོངས་དང་། ལས་རིགས་སློབ་གྲྭའི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རིག་ཚན་ཆེད་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མཁོ་འདོན་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། ལས་རིགས་སློབ་གསོའི་ཆེད་ལས་དང་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་འཛིན་ལ་སྐུལ་འདེད་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་། འགན་ནུས་སྡེ་ཁག་བཅས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་སྒྲུབ་གཞི་རྒྱ་དང་གསོ་སྐྱོང་མ་རྩ། སློབ་སྒྲུབ་སྤུས་ཚད་བཅས་གཅིག་མཐུན་འཚམ་པོ་ཡིན་པའི་ནོར་སྲིད་དངུལ་གཏོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་དང་འཇོན་མིའི་དཔུང་སྡེའི་འཛུགས་སྐྲུན་འབུར་དུ་ཐོན་པར་བྱས་ནས་དམ་འཛིན་བྱས་ཏེ། ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་གསལ་ཁྲ་གསུམ་དང་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྲུན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་འགུལ་སྐྱོད་ཇུས་གཞིའི་སྐོར་ནས་གསལ་བཤད་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་། ནན་ཅིང་བཟོ་ལས་ལས་རིགས་ལག་རྩལ་སློབ་ཆེན། ཀྲུང་གོའི་ཆུ་བེད་ཆུ་གློག་བཟོ་སྐྲུན་ཅུའུ་བཞི་པའི་ཚད་ཡོད་ཀུང་ཟི། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་གཏམ་བཤད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག སློབ་གྲྭ་བཅས་ཀྱིས་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱས།

ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཏཱ་ནན་དང་། ཀྲུའུ་ཞང་ཧྥུན། ལིའུ་ཐུང་ཏི། ཝང་ཞོན་བཅས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།