མཚོ་སྔོན་ལས་རིགས་སློབ་གསོའི་ཚོགས་ཁག་རྣམ་པའི་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།
2023.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ11པའི་ཚེས21ཉིན།  མཚོ་སྔོན་ལས་རིགས་སློབ་གསོའི་ཚོགས་ཁག་རྣམ་པའི་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་ཟི་ལིང་དུ་བསྡུས།    ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་།   ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཛད་སྒོར་ཞུགས།

མཛད་སྒོའི་སྟེང་དུ།   ཐེན་ཅིན་ལས་རིགས་སློབ་ཆེན་དང་མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ལས་རིགས་སློབ་གླིང་།   ཀྲེ་ང་འཛུགས་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་།   ཐེན་ཅིན་གསོ་རིག་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་།    ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་།     ཝུའུ་ཞི་ཚན་རྩལ་ལས་རིགས་སློབ་གླིང་དང་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་།    ཀྲེ་ཅང་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཚྭ་འདམ་ཆེ་བ་ལས་རིགས་ལག་རྩལ་སློབ་གླིང་།    ཁྲང་ཀྲོའུ་བཟོ་སྐྲུན་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་ལྕི་བའི་བཟོ་ལས་ལས་རིགས་ལག་རྩལ་སློབ་གྲྭ།    ཧྲའོ་ཞེན་གྲོང་ཁྱེར་ཧྲང་ཡུའུ་ཆུའུ་ལས་རིགས་སློབ་གསོ་ལྟེ་གནས་དང་མཚོ་ནུབ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།    པེན་ཀྲོའུ་ལས་རིགས་སློབ་གླིང་དང་མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།   ཁྲང་ཀྲོའུ་འཁལ་འཐག་གོན་པའི་ལས་རིགས་ལག་རྩལ་སློབ་གྲྭ་དང་མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།   ཐེན་ཅིན་ལས་རིགས་ལག་རྩལ་དགེ་འོས་སློབ་ཆེན་དང་རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།    པེ་ཅིང་གློག་རྡུལ་ཚན་རྩལ་ལས་རིགས་སློབ་གླིང་དང་ཡུས་ཧྲུའུ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ།   ཧྲང་ཧེ་འཛུགས་སྐྲུན་དོ་དམ་ལས་རིགས་ལག་རྩལ་སློབ་གླིང་དང་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་སོགས་ཀྱིས་སོ་སོར་ལས་རིགས་སློབ་གསོའི་ཚོགས་ཁག་རྣམ་པའི་རྒྱབ་སྐྱོར་རོགས་སྐྱོར་མཉམ་ལས་གྲོས་མཐུན་བཀོད།

མཚམས་སྦྱོར་བྱས་པ་ལྟར་ན།  ཐེངས་འདིའི་རོགས་སྐྱོར་མཉམ་ལས་གྲོས་མཐུན་གྱིས་སློབ་ཚན་ཆེད་ལས་འཛུགས་སྐྲུན་ལེགས་སྒྱུར་དང་མཉམ་འབྲེལ་སློབ་སྒྲུབ།   དགེ་རྒན་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱབ་སྐྱོར་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་མཉམ་དུ་རྒྱ་བསྐྱེད་ནས་ཞིང་ཆེན་བརྒལ་བའི་ལས་རིགས་སློབ་གསོའི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་བྱེད་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།