ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་བཀོད་གཏོང་ཐེངས་གསུམ་པ་དང་རྒྱལ་ཁབ་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་དཔྱད་ཞིབ་དཔྱད་འཇོག་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟླ11པའི་ཚེས22ཉིན་གྱི་ཕྱི་དྲོར་བསྡུས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཟོལ་མེད་ཀྱིས་འགུལ་སྐྱོད་སྤེལ་ནས་ཡིད་ཆེས་དང་ཆོད་སེམས་བརྟན་པོས་མི་འདང་ས་དང་ཞན་ཆ་ཁ་གསབ་བྱས་ཏེ། ཤུགས་ཆེན་པོས་རྒྱལ་ཁ་བརྩོན་ལེན་སྒོས་སྔོན་གྱི་རྣམ་པ་བསྒྱུར་དགོས་ཟེར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྥུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་དཔྱད་ཞིབ་དཔྱད་འཇོག་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་བསྟན་དོན། ད་ལོར། ཞིང་ཆེན་གོང་འོག་ཚང་མས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པར་དམིགས་ཤིང་། ལས་བྱེད་པས་བྱ་བ་སྒྲུབ་པ་དང་རིག་ལམ་གསལ་བོ་ཡིན་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་རེ་བ་གཞིར་བཟུང་སྟེ། ཤུགས་ཆེན་པོས་ཕྱིར་ལྡོག་གནད་དོན་ལེགས་སྒྱུར་བྱེད་པ་དང་དཔྱད་ཞིབ་དམིགས་ཚད་གཞིར་བཟུང་ནས་མི་འདང་ས་ཁ་གསབ་བྱས་པས་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བྱ་བར་གོང་འཕེལ་ཆེན་པོ་བྱུང་ནས། གྲུབ་འབྲས་མངོན་གསལ་བླངས་ཡོད་ཀྱང་། རྒྱལ་ཁབ་ཀྱི་རེ་བ་དང་བསྡུར་ན་ད་རུང་བར་ཁྱད་ཡོད་པས། མྱུར་མོར་དམ་བཅའ་ལྟར་ནན་ཏན་གྱིས་གནད་དོན་དང་ཞན་ཆ་འཚོལ་ཞིབ་བྱས་ནས་དཀའ་ཁག་གདོང་གིས་བསུ་དགོས།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆེས་མཇུག་མཐའི་ཤུགས་འདོན་གྱི་དུས་རིམ་དུ་སླེབས་སྐབས། ལྷག་ཏུ་ཆབ་སྲིད་ཐད་ནས་ཀླད་པ་གསལ་བོ་དང་བློ་སེམས་བརྟན་པོ་ཡིན་དགོས་ལ། རིག་པ་སྒྲིམ་ནས་མཁྲེགས་གཏོར་གྱི་རྣམ་པ་སྲུང་འཛིན་བྱས་ཏེ། སུན་སྣང་གི་བསམ་པ་དང་སྟེས་དབང་གི་བསམ་པ། ཚད་གཞིར་ལོངས་ཐབས་ཙམ་བྱེད་པའི་བསམ་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཟོལ་མེད་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རེ་བའི་སྟེང་གཅིག་གྱུར་བྱེད་པ་དང་། བསམ་བློའི་སྟེང་ལྷོད་གཡེང་མི་བྱེད་པ་དང་བྱ་སྤྱོད་མ་ལྷོད་པར་སྟོབས་ཤུགས་དང་མི་ཤུགས། རྒྱུ་ཤུགས་བཅས་འདང་ཚིམས་པ་བཏང་སྟེ། ནན་ནན་ཏན་ཏན་གྱིས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། འགན་འཁྲིའི་མཁྲེགས་གཏོར་གྱི་ཤུགས་འདོན་ལ་ཤུགས་སྣོན་པ་དང་། ནན་ཏན་གྱིས་ཏང་སྲིད་ཀྱི་འགན་འཁྲི་གཙོ་བོ་དང་། མགོ་ཁྲིད་ཚན་ཆུང་གི་གཅིག་འདོམ་མཐུན་སྦྱོར་འགན་འཁྲི། སྡེ་ཁག་བར་གྱི་གཞོགས་འདེགས་འགན་འཁྲི། སྡེ་བ་རིམ་པའི་རྩ་འཛུགས་འགན་འཁྲི་བཅས་དངོས་འབེབས་བྱས་ནས། ལྟ་རྟོག་ཁྲིད་སྟོན་དང་གྲུབ་འབྲས་རྩད་ཞིབ་ནན་མོ་བྱས་ཏེ་འགན་འཁྲིའི་མུ་རྒྱུན་བསྟུད་མར་ཇེ་དམ་དུ་གཏོང་དགོས། མ་མཐའི་ཚད་ཐིག་སྲུང་བའི་མཁྲེགས་གཏོར་ཤུགས་འདོན་གཙོར་བཟུང་སྟེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་རྩད་ཞིབ་འཚམས་འདྲི་བྱས་ནས། སྲིད་ཇུས་དངོས་འབེབས་གང་ལེགས་བྱེད་དགོས་ལ། ཟོལ་མེད་ཀྱིས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་ནས། གཞི་རྒྱ་ཅན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས། མ་དངུལ་ལས་གཞིའི་མཁྲེགས་གཏོར་ཤུགས་འདོན་གཙོར་བཟུང་ཞིང་། མ་དངུལ་ལལྟ་རྟོག་དོ་དམ་ནན་མོ་བྱེད་པ་དང་། མ་དངུལ་དོ་དམ་བྱེད་ཐབས་ཇེ་ཞིབ་ཏུ་བཏང་ནས། ལས་གཞི་ལག་བསྟར་བྱེད་པར་ངེས་པར་དུ་གཅིག་འདོམས་བཀོད་གཏོང་ལ་ཤུགས་བསྣན་ཏེ། དུས་ཚོད་ལྟར་སྤུས་ཚད་ལ་འགན་སྲུང་ཡོད་པའི་སྒོ་ནས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། རྨང་གཞི་ཇེ་བརྟན་དུ་གཏོང་བའི་མཁྲེགས་གཏོར་ཤུགས་འདོན་གཙོར་བཟུང་སྟེ། རྩིས་ཐོའི་རྒྱུ་ཆ་འཐུས་ཚང་དུ་གཏོང་བ་དང་གཞི་གྲངས་སྤུས་ཚད་མཐོར་འདེགས་བྱེད་པ། གྲོང་གསེབ་ཀྱི་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ཕྱོགས་ཡོངས་དང་ཞིབ་ཚགས་ལྡན་པའི་སྒོ་ནས་རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་དགོས། ཞིབ་བཤེར་དཔྱད་འཇོག་གི་མཁྲེགས་གཏོར་ཤུགས་འདོན་གཙོར་བཟུང་ཞིང་། ཡུན་རིང་གི་བྱས་རྗེས་བརྩོན་ལེན་དང་བསྟུད་མར་ཤུགས་འདོན་པ། ནན་ནན་ཏིག་ཏིག་གིས་བྱ་བར་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་ལོ་ཧྲིལ་བོའི་བྱ་བར་བདེ་བླག་ངང་རྫོགས་ཚིག་བཀོད་ནས། བྱ་བའི་ཕན་འབྲས་ཀྱིས་ཞིབ་བཤེར་དང་ལེན་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་པའི་ཕྱོགས་གསུམ་པའི་དཔྱད་འཇོག་དང་ནོར་སྲིད་སྦྲེལ་མཐུད་མ་དངུལ་གྱི་ཕན་འབྲས་དཔྱད་འཇོག་གི་གནས་ཚུལ་སྙན་ཞུ་བྱས། མཚོ་ནུབ་ཁུལ་དང་མགོ་ལོག་ཁུལ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ལོ་ཧྲིལ་བོའི་གནད་དོན་ལེགས་སྒྱུར་དང་བྱ་བ་གཙོ་བོ་སྦྲེལ་མཐུན་གང་ལེགས་བྱས་ནས་དངོས་འབེབས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུ་བྱས།
གྲོས་ཚོགས་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ལ། ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ཝང་དབྱང་། དབྱང་ཧྥ་སིན། ཝང་ཏཱ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལེ་ཧན། ཀྲུའུ་ཞང་ཧྥུན། ལིའུ་ཐའོ། ཧི་ལུའུ་ཁྲུན། ཝང་ཧེ་ཧུང་བཅས་ཚོགས་འདུར་ཞུགས།
གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།