རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས23ཉིན་པེ་ཅིང་དུ་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་ལ་མཇལ་འཕྲད་གནང་།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས23ཉིན་པེ་ཅིང་དུ་ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཝུ་ར་ཀའེ་བར་འབྲེལ་བ་བཙུགས་ནས་ལོ35འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས། ཆབ་སྲིད་སྒྲིག་སྲོལ་མི་འདྲ་བ་དང་དཔལ་འབྱོར་དངོས་ཚན་མི་འདྲ་བའི་རྒྱལ་ཁབ་བར་འཆམ་མཐུན་མཉམ་གནས་དང་མཉམ་ལས་གཉིས་ཕན་ཡོང་བའི་དཔེ་སྟོན་ཞིག་ཏུ་གྱུར་ཡོད། ཁ་སང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་ཀྲུང་གོ་དང་ཝུ་ར་ཀའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་བ་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་མཛུབ་ཁྲིད་བརྩི་སྲུང་བྱས་ནས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད། སང་ལོ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བར་འགྲོ་འོང་བྱས་ནས་ལོ65འཁོར་བར་བསུ་བ་བྱེད་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝུ་ར་ཀུའེ་རྒྱལ་ཚོགས་དང་སྲོལ་རྒྱུན་མཛའ་མཐུན་མུ་མཐུད་དུ་རྒྱུན་སྐྱོང་བ་དང་། བརྗེ་རེས་དང་འགྲོ་འོང་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཝུ་ར་ཀའེ་བར་གྱི་དངོས་སྒྲུབ་མཉམ་ལས་ལ་སྲ་ཞིང་བརྟན་པའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།
ལཱ་ཁ་ལེ་ཡིས་བསྟན་དོན། ཝུ་ར་ཀའེ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་རྨང་གཞི་བརྟན་པོ་ཡིན་པ་དང་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད། ཝུ་ར་ཀའེ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་དང་ད་ཐེངས་ཀྱི་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་བསྣན་ནས་ཝུ་ར་ཀའེ་དང་ཀྲུང་གོའི་མཛའ་མཐུན་དམངས་བློ་ཇེ་བརྟན་དུ་གཏོང་རྒྱུ་ཡིན།
ཞའོ་ཅེ་ཐུག་འཕྲད་ལ་ཞུགས།
ཝུ་ར་ཀུའེ་ཡི་ཙུང་ཐུང་ལཱ་ཁ་ལེ་ཟླ11པའི་ཚེས23ཉིན་གྱི་སྔ་དྲོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
ཤ་བོ་གསེར་མཚོས་བསྒྱུར།