ཟླ11པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། རྒྱལ་སྤྱིའི་ཚོང་དོན་གྱི་གཟི་འོད་ངོམ་ས་གསར་པ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། གཞི་གྲངས་ཚོང་དོན་བཅོས་སྐྱོང་མ་ལག་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་ཚོང་དོན་བཅོས་སྒྱུར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མ་ཆད་པར་མཁོ་འདོན་བྱེད་ཀྱིན་ཡོད། ཕྱོགས་སོ་སོས་འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་དངོས་མང་བཤམས་ཚོགས་ཀྱི་སྟེགས་བུ་གང་ལེགས་སྒོས་བེད་སྤྱད་དེ། མཉམ་ལས་བྱེད་རྒྱུ་དང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ནས། གཞི་གྲངས་ཚོང་དོན་དེ་ཐུན་མོང་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་འགྱུར་བར་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ནུས་གསར་པ་སྣོན་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།
འཛམ་གླིང་ཧྲིལ་པོའི་གཞི་གྲངས་ཚོང་དོན་འགྲེམས་ཚོགས་སྐབས་གཉིས་པ་ཉིན་དེར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་པ་དང་། ཐེངས་འདིའི་འགྲེམས་ཚོགས་ཀྱི་བརྗོད་དོན་ནི། “གཞི་གྲངས་ཚོང་དོན་འཛམ་གླིང་ཧྲིལ་པོར་ཁྱབ་པར་བྱེད་དགོས”ཞེས་པ་དེ་ཡིན་ལ། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཚོང་དོན་པུའུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།