ཞི་ཅིན་ཕིང་གིས་པོ་ཨ་ཁའེ་ལི་པེ་རི་ཡའི་ཙུང་ཐུང་ལ་བདམས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2023.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ11པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡུའེ་ཟི་ཧྥུའུ·ཉི་ཝུའུ་མཱ·པོ་ཨ་ཁའེ་ལ་གློག་འཕྲིན་བཏང་ནས། ཁོ་ལི་པེ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་ཁྱོད་ཀྱི་སྐུལ་འདེད་འོག་ཏུ། ལི་པེ་རི་ཡའི་ལས་རིགས་སོ་སོས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས་ཐུན་མོང་གི་ངོས་འཛིན་གྲུབ་པར་བྱས་པ་ལ་ཀྲུང་གོ་ཕྱོགས་ཀྱིས་བསྟོད་བསྔགས་བྱེད་ཀྱིན་ཡོད། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་མཉམ་དུ་ལག་གདང་སྦྲེལ་ནས། འགོས་ནད་ཨའེ་པོ་ལ་དང་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོའི་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་ངང་མཉམ་ལས་བྱས་པར་བརྟེན། རྒྱལ་ཁབ་གཉིས་བར་མཛའ་བརྩེ་ཟབ་མོ་ཆགས་ཡོད། ངས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་དམ་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།