《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པའི་དབྱིན་ཡིག་པར་གཞི་འོས་སྦྱོར་ཚོགས་འདུ་ནེ་པ་ལ་རུ་འཚོགས།
2023.11.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ11པའི་ཚེས23ཉིན《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པའི་དབྱིན་ཡིག་པར་གཞི་འོས་སྦྱོར་ཚོགས་འདུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་འཚོགས། ནེ་པ་ལའི་ཙུང་ལི་ཟུར་པ་ཅ་ལ·ན་ཐི·ཁ་ན་ཨར་འོས་སྦྱོར་ཚོགས་འདུར་ཞུགས།

ཁ་ན་ཨར་གྱིས་ཤིས་ཚིག་འབུལ་སྐབས་བསྟན་དོན། ཁོས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནང“གསར་གཏོད་དང་དགེ་མཚན་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མིག་རྒྱང་རིང་ལ་ལྟ་བ་ཟབ་པ་ཞིག་ཡོད”པ་ཤེས་ཐུབ་ལ། ཀློག་པ་པོས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དཔེ་དེབ་ནང་ནས་ཀྲུང་གོ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་སྐོར་གྱི་ལན་ཞིག་རྙེད་ཐུབ་ཟེར།

ནེ་པ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་སུང་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར།《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་བཞི་པའི་དབྱིན་ཡིག་པར་གཞི་ནེ་པ་ལར་འགྲེམས་སྤེལ་བྱས་པ་དེས། ནེ་པ་ལའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པའི་ངོས་འཛིན་ཇེ་ཟབ་ཏུ་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་དང་། ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་སྲིད་ཇུས། ཀྲུང་གོའི་གནས་ལུགས་བཅས་ལ་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱིས་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་རོགས་རམ་བཅས་བྱེད་ཐུབ་ཟེར།

ཐེངས་འདིའི་འོས་སྦྱོར་འདུ་ཚོགས་དེ་ཕྱི་རྒྱལ་གྱི་སྐད་ཡིག་དཔེ་སྐྲུན་ཁང་དང་ཀྲུང་གོ་རྒྱལ་སྤྱིའི་དཔེ་དེབ་ཚོང་དོན་ཚོགས་པ་ཚད་ཡོད་ཀུང་ཟིས་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་རེད།