རང་ཞིང་གི་ཉིས་སྟོང་ཉེར་བཞི་ལོའི་སློབ་གླིང་གི་འཇོན་མི་བསྡུ་འགུག་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ11པའི་ཚེས23ཉིན།   རང་ཞིང་གི་ཉིས་སྟོང་ཉེར་བཞི་ལོའི་སློབ་གླིང་གི་འཇོན་མི་བསྡུ་འགུག་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་དུ་བསྡུས།

གྲོས་ཚོགས་སྟེང་བསྟན་དོན།    སློབ་གླིང་གི་འཇོན་མི་བསྡུ་འགུག་བྱ་བ་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་།    རང་ཞིང་གི་འཇོན་མི་དཀོན་པའི་གནད་དོན་ཐག་གཅོད་པ་དང་འཇོན་མིའི་དཔུང་སྡེའི་སྒྲིག་གཞི་ལེགས་སྒྱུར་བྱེད་པའི་ནུས་ལྡན་བྱེད་ཐབས་ཡིན་པས།    ལངས་གནས་མཐོན་པོ་དང་མཐོང་རྒྱ་ཡངས་པོ།   ཤུགས་ཚད་ཆེན་པོས་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་སློབ་གླིང་གི་འཇོན་མི་བསྡུ་འགུག་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་གྲུབ་འབྲས་སྔར་ལས་བཟང་བོ་ལེན་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   སློབ་གླིང་གི་འཇོན་མི་བསྡུ་འགུག་བྱ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན།  ཧུར་ཐག་རང་བཞིན་བཅས་སྔར་ལས་མཐོར་འདེགས་གཏོང་བ་དང་།    འཇོན་མི་བསྡུ་འགུག་གི་སྲིད་ཇུས་སོ་སོ་བེད་སྤྱོད་བཟང་བོ་བྱེད་པ།    བྱེད་ཐབས་ནུས་ལྡན་སྤྱད་དེ་ཞིང་ཆེན་ཕྱི་ནང་གི་འཇོན་མི་བསྡུ་འགུག་བྱེད་པ།   མཚོ་སྔོན་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་བ།   མཚོ་སྔོན་དར་སྤེལ་གཏོང་བའི་ཕུལ་བྱུང་འཇོན་མི་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་ལས་སྐྲུན་ལས་གཏོད་བྱེད་རྒྱུར་སྐུལ་ཁྲིད་བྱས་ཏེ་མཚ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་དུ།   ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རང་འགན་རང་གཉེར་གྱིས་གྲ་སྒྲིག་བྱ་བ་སོ་སོ་ཏན་ཏན་གིས་བཟང་བོར་བསྒྲུབ་པ་དང་།    འཇོན་མི་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།    འཇོན་མི་བསྡུ་འགུག་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་སློབ་གླིང་གི་འཇོན་མི་བསྡུ་བའི་ལས་དོན་བཟང་བོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་དུ།   མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་།    ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་སོགས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།