ཟླ11པའི་ཚེས24ཉིན། འཛམ་གླིང་གི་ཀྲུང་གོ་རིག་པའི་ཚོགས་ཆེན་གྱི་ཧྲང་ཧའེ་གླེང་སྟེགས་ཧྲང་ཧའེ་རུ་བསྡུས།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་གིས། ཀྲུང་གོ་རིག་པའི་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་ཟབ་མོ་གནང་ཡོད་པ་དང་། རྒྱལ་ཁབ་སོ་སོའི་ཆེད་མཁས་པ་དང་རིག་གནས་པ་རྣམས་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་ཤེས་རིག་མཉམ་འདྲེས་ཀྱི་ཕོ་ཉ་བྱེད་དགོས་པའི་རེ་ལྟོས་ཆེན་པོ་མཚོན་ཡོད་པར་མ་ཟད། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་ཀྲུང་གོ་རིག་པ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་ཆེད་མཛུབ་སྟོན་གལ་ཆེན་མཁོ་འདོན་བྱས་ཡོད་པར་འདོད།
ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཀྲུང་ཧྭའི་ཤེས་རིག་འདི་ཉིད་འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་ཁྲོད་བཞག་ནས་རྟོག་ཞིབ་བྱེད་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འདི་ཉིད་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་བཞག་ནས་གྲོས་བསྡུར་བྱེད་པ། ཀྲུང་གོ་རིག་པར་ཞིབ་འཇུག་ཟབ་མོ་བྱེད་པ། ཤེས་རིག་མི་འདྲ་བ་རྒྱུན་འཛིན་དང་འཕེལ་རྒྱས། གསར་གཏོད་བཅས་བྱ་ཆེད་བསམ་ཕྱོགས་གསར་པ་དང་བློ་སྒོ་གསར་པ་མཁོ་འདོན་བྱེད་པ་བཅས་ལ་འབད་དེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་ཆེན་པོ་འབུལ་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།