ཟླ11པའི་ཚེས24ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཅུ་དྲུག་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཚོང་ཟོག་སྐྱེལ་འདྲེན་རླངས་འཁོར་ཚད་བརྒལ་ལ་དོ་དམ་བྱེད་པའི་སྲོལ་ཡིག་འཆར་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག་འཆར་ཟིན་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་འཆར་ཟིན་གྱི་མ་ཟིན་བྲིས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། གྲོས་ཆོད་ཐག་གཅོད་སྐོར་ཞིག་མེད་པར་བཟོ་བའི་ཆོད་དོན་འཆར་ཟིན་གྱི་གྲོས་གཞི་ཚབ་བྲིས་ཟིན་བྲིས་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་དང་ཞིང་ཆེན་རིམ་པའི་ས་གནས་ཁྲིམས་སྲོལ་སྐོར་ཞིག་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་བའི་གྲོས་གཞི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་སྒྲུབ་དོ་དམ་ཚོད་ལྟའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་སྒྲུབ་དོ་དམ་ཚོད་ལྟའི་བྱེད་ཐབས་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་གྱི་སྙན་ཞུ། དམངས་ཚིས་དོན་དངོས་རྣམ་གྲངས་ལ་དམངས་ཆེན་འཐུས་མིའི་འདེམ་ཤོག་འཕེན་པའི་ལམ་ལུགས་ལག་བསྟར་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཚོགས་ཐོག་ནས་ད་དུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྲོལ་ཡིག་ལ་ཞིབ་བཤེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། ཞིང་ཆེན་མི་དམངས་སྲིད་གཞུང་གི་མཚོ་སྔོན་གྱི་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་དང་། ཞིང་ཆེན་ཡོངས་ཀྱི་དེང་རབས་སྤྱི་ཐུན་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ་དང་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ། 2022ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་པའི་རྩིས་བཤེར་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་འཐུས་མིའི་གྲོས་གཞི་སྒྲུབ་པའི་སྐོར་གྱི་གནས་ཚུལ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། མི་དོན་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་འབྲེལ་ཡོད་མི་དོན་བྱ་བའི་སྐོར་གྱི་གསལ་བཤད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་པའི་ཆོད་དོན་འཆར་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཉན། ཀྲུའུ་རིན་གྲོས་ཚོགས་ཀྱིས་གོང་གི་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པའི་རེ་ཞུ་ལ་འཐད་པ་བྱུང་།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2030ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་ལག་བསྟར་བྱེད་པའི་སྐབས་ཀྱི་དཔྱད་འཇོག་སྙན་ཞུ་ལ་གནས་སྐབས་སུ་གྲོས་ཞིབ་མི་བྱེད་པའི་གྲོས་གཞི་སྐོར་གྱི་སྙན་ཞུ་ལ་ཉན། ཀྲུའུ་རིན་གྲོས་ཚོགས་སྟེང་སྙན་ཞུ་ལ་འཐད་པ་བྱུང་།
ཚོགས་ཐོག་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་ཉིན་རེའི་ལས་རིམ་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་འགོད་རྒྱུའི་རེ་ཞུ་ལ་འཐད་པ་བྱུང་།
2023ལོའི་དམངས་ཆེན་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འགན་སྒྲུབ་གནས་ཚུལ་ཡར་ཞུ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཀྲུའུ་རིན་གྲོས་ཚོགས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཡིག་ཐོག་འགྲེམ་སྤེལ་བྱེད་རྒྱུར་འཐད་པ་བྱུང།
རིན་ཆེན་མཚོས་བསྒྱུར།