ཞིང་ཆེན་སྲིད་གྲོས་ཀྱིས་བྱ་བའི་ཚོད་ལྟའི་བྱེད་ཐབས་གཏན་འབེབས་པར་འགྲེམ་བྱས་ཏེ་ཆེད་དོན་ཞིབ་འཇུག་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན།  གོ་རིམ་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
2023.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

མི་དམངས་སྲིད་གྲོས་ཀྱིས་བྱ་བ་གཙོ་བོར་དམིགས་ཏེ་བློ་འདོན་ཇུས་འབུལ་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་པར་དམིགས་ནས།  ཉེ་ལམ།    ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་ལྟར།    རྒྱལ་ཡོངས་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ཏེ་ཆེད་དོན་ཞིབ་འཇུག་བྱ་བ་སྤེལ་བའི་ཚོད་ལྟའི་བྱེད་ཐབས་ཞེས་པ་དཔྱད་གཞིར་བཟུང་སྟེ་ཞིང་ཆེན་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་ཏེ་ཆེད་དོན་ཞིབ་འཇུག་བྱ་བ་སྤེལ་བའི་ཚོད་ལྟའི་བྱེད་ཐབས་གཏན་འབེབས་པར་འགྲེམ་བྱས།

བྱེད་ཐབས་ནང་དུ།   བཅའ་ཁྲིམས་འདིའི་ནང་བསྟན་པའི་ཆེད་དོན་ཞིབ་འཇུག་ནི་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།   དྲུང་ཡིག་ཆེན་མོ།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱིས་སྣེ་ཁྲིད་དེ་སྲིད་གྲོས་ཨུ་ཡོན་རྩ་འཛུགས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་རིགས་ཁོངས་བརྒལ་ཏེ་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཇུས་གཞི་བཏོན་ནས་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་ཇུས་ཆོད་འགོད་པར་རོགས་འདེགས་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན།  ཆེད་དོན་ཞིབ་འཇུག་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ།    དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ།   དམངས་ཚིས་འགན་སྲུང་དང་ལེགས་བཅོས་བཅས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་སོགས་ཀྱི་དཀའ་གནད་གནད་དོན་གཅིག་བསྡུས་ཀྱིས་སྲིད་གྲོས་ཀྱི་དགེ་མཚན་འདོན་པ་དང་། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་གྲུབ་པར་བྱེད་དགོས་པ་གསལ་བོར་བསྟན་ཡོད།

བྱེད་ཐབས་ནང་དུ།     ཆེད་དོན་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི་དེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིས་གཏན་འཁེལ་བྱེད་དགོས་པ་དང་། ཡང་ན་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱིས་གྲོས་གཞི་བཏོན་རྗེས་གཞུང་སྒྲུབ་ཐིན་ཞིབ་འཇུག་ཁང་གིས་ཕྱོགས་སྡོམ་བྱས་ནས་ལོ་གཅིག་གི་ཆེད་དོན་ཞིབ་འཇུག་འཆར་གཞི་གྲུབ་པར་བྱས་ཏེ་ཀྲུའུ་ཞིའི་གྲོས་ཚོགས་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་སྤྲད་རྗེས་ལག་བསྟར་བྱེད་དགོས།   ཆེད་དོན་ཞིབ་འཇུག་དེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།  དྲུང་ཡིག་ཆེན་མོ།   ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱིས་སྣེ་ཁྲིད་དེ་ཞིབ་འཇུག་བྱ་གཞིའི་ཚན་ཆུང་འཛུགས་དགོས་པ་དང་།  ཞིབ་འཇུག་བྱ་གཞིའི་ཞིབ་འཇུག་མཇུག་བསྒྲིལ་རྗེས་ཞིབ་འཇུག་བྱ་གཞིའི་ཚན་ཆུང་གི་བྱ་བ་ཡང་དེ་དང་བསྟུན་ནས་མཇུག་བསྒྲིལ་བ་རེད།   ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན་གྱིས་ལོ་རེར་ཉུང་མཐར་ཡང་ཆེད་དོན་ཞིབ་འཇུག་བྱ་གཞི་གཅིག་ཡོངས་འགྲུབ་བྱེད་དགོས།   ཨུ་ཡོན་གྱིས་རང་བདག་གིས་ཆེད་དོན་ཞིབ་འཇུག་སྤེལ་བར་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱེད་དགོས་ཞེས་གསལ་བོར་བསྟན་ཡོད།

བྱེད་ཐབས་ནང་དུ།   ཆེད་དོན་ཞིབ་འཇུག་གིས་བྱ་བའི་དགོས་མཁོ་ལྟར།    ཚད་ལྡན་ཡིག་ཆ་དང་བཞུགས་མོལ་ཞིབ་བསྡུར།  བརྟག་དཔྱད་ཞིབ་འཇུག   བརྟག་དཔྱད་འདྲི་ཤོག    གྲོས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཏན་འཇགས་ཀྱི་རྣམ་པ་དང་གོ་རིམ་གཏན་འབེབས་བྱེད་མི་དགོས།   ཆེད་དོན་ཞིབ་འཇུག་གིས་གྲུབ་པའི་གྲུབ་འབྲས་གལ་ཆེན་དག་རྒྱལ་ཁབ་རིམ་པ་དང་འབྲེལ་བ་ཡོད་ཚེ་ཆེད་དོན་སྙན་ཞུ་དང་གྲོས་གཞི་འདོན་པ།  ཚོགས་ཆེན་གཏམ་བཤད།    སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་དེ་རྒྱལ་ཡོངས་སྲིད་གྲོས་ལ་སྤྲོད་དགོས་ཤིང་།    ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་དང་འབྲེལ་བ་ཡོད་ཚེ།   ཆེད་དོན་སྙན་ཞུ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་ལ་ལྟ་ཀློག་བྱེད་པར་སྤྲོད་དགོས་པ་གསལ་བོར་བསྟན་ཡོད།

                                                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།