ཟླ11པའི་ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁི་ལིས་སི་ཐོ་ཧྥུའུ·ལཱ་ཁི་སུན་ལ་གློག་འཕྲིན་བཏང་ནས། ཁོས་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས།
ལིས་ཆང་གིས་ཀྲུང་གོ་དང་ནེའུ་ཙི་ལན་ནི་མཉམ་ལས་ཀྱི་ཟླ་གྲོགས་གལ་ཆེན་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50ལྷག་འཁོར་བའི་རིང་ལ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བ་དེ་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད་པ་དང་། མཉམ་དུ“ཨང་དང་པོ”མང་པོ་བསྐྲུན་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན་ཡོད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་འབྲེལ་བར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ངས་ཁྱོད་དང་ཁྱོད་ཀྱིས་སྣེ་ཁྲིད་བྱེད་ཀྱིན་པའི་ནེའུ་ཙི་ལན་གྱི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ། མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། མཛའ་མཐུན་བརྗེ་རེས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།