ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་བསྡུས་པ་དང་ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།
2023.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཟླ11པའི་ཚེས27ཉིན།    ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་བསྡུས།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན།    ཉི་མ་སྒྲོལ་མ།    ལིའུ་ཐུང་ཏི།  ཀྲང་ཧོང་ཡོན།    ལོས་ཀང་།  དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་རེ་གསུམ་གྲོས་ཚོགས་ལ་ཞུགས་པ་དང་།  དེ་ཁྲིམས་བཀོད་མི་གྲངས་དང་མཐུན།    ཁྲིན་ཀང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་འགོ་འཛིན་བྱས།

གྲོས་ཚོགས་སྟེང་ཐེངས་འདིའི་གྲོས་ཚོགས་ལ་རེ་ཞུ་བྱས་པའི་འབྲེལ་ཡོད་མི་དོན་སྐོར་གྱི་གསལ་བཤད་ལ་ཉན་པ་དང་།   བསྐོ་འཇོག་བྱ་རྩིས་ཡོད་པའི་མི་སྣས་བསྐོ་འཇོག་མ་བྱས་སྔོན་གྱི་གཏམ་བཤད།  གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཤོང་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཤུགས་ལ་རྒོལ་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ།    མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད།   མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣའི་འགན་སྒྲུབ་དོ་དམ་གྱི་ཚོད་ལྟའི་བྱེད་ཐབས་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་སྒྲུབ་དོ་དམ་གྱི་ཚོད་ལྟའི་བྱེད་ཐབས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད།   མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཚིས་དོན་དངོས་ལས་གཞི་ལག་བསྟར་བྱེད་པའི་དམངས་ཆེན་འཐུས་མིའི་འདེམས་ཤོག་འཕེན་པའི་ལམ་ལུགས་ཀྱི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད།    མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད།   མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་སྐོར་གྱི་གསལ་བཤད།  མཚོ་སྔོན་ཞིང་ཆེན་གྱི་ཆད་གཅོད་དང་གཞུང་བཞེས་བྱས་པའི་རྒྱུ་དངོས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གསུམ་སྐོར་གྱི་གསལ་བཤད།    ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་སྐོར་གྱི་གསལ་བཤད།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་སྲོལ་ཡིག་བཟོ་བཅོས་བྱེད་པའི་སྐོར་གྱི་གསལ་བཤད།    ཞིང་ཆེན་མི་དམངས་སྲིད་གཞུང་གི་མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་སྐོར་གྱི་ཆེད་དོན་བྱ་བའི་སྙན་ཞུ།    ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་དེ་མིན་ནོར་སྲིད་ཀྱི་འགྲོ་སོང་དང་ཡོང་འབབ་གཞན་དག་གི་རྩིས་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ།    ཞིང་ཆེན་ཡོངས་ཀྱི་དེང་རབས་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་ཞུ།    ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་འཐུས་མིའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཆོད་དོན་སྐོར་ཞིག་མེད་པར་གཏོང་བའི་ཆོད་དོན་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་བསམ་འཆར། མཚོ་སྔོན་ཞིང་ཆེན་གྱི་ཆད་གཅོད་དང་གཞུང་བཞེས་བྱས་པའི་རྒྱུ་དངོས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གསུམ་ཁྲོད་ནོར་སྲིད་དཔལ་འབྱོར་ཕྱོགས་ལ་འབྲེལ་བའི་ཁྲིམས་སྲོལ་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ཆད་གཅོད་དང་གཞུང་བཞེས་བྱས་པའི་རྒྱུ་དངོས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གསུམ་ཁྲོད་ཞིང་ཕྱུགས་ལ་འབྲེལ་བའི་ཁྲིམས་སྲོལ་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་ཆད་གཅོད་དང་གཞུང་བཞེས་བྱས་པའི་རྒྱུ་དངོས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་འཆར་ཟིན་གསུམ་ཁྲོད་ཁོར་ཡུག་དངུལ་གཏོང་ལ་འབྲེལ་བའི་ཁྲིམས་སྲོལ་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་བཀོད་སྒྲིག་དང་སྒྲིག་ལུགས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གཉིས་མེད་པར་གཏོང་བའི་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་བཀོད་སྒྲིག་དང་སྒྲིག་ལུགས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གཉིས་མེད་པར་གཏོང་བའི་འཆར་ཟིན་གྲོས་ཞིབ་ཁྲོད་ཞིང་ཕྱུགས་ལ་འབྲེལ་བའི་ཁྲིམས་སྲོལ་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་བཀོད་སྒྲིག་དང་སྒྲིག་ལུགས་དོ་དམ་སྲོལ་ཡིག་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཆར་ཟིན་གཉིས་མེད་པར་གཏོང་བའི་འཆར་ཟིན་གྲོས་ཞིབ་ཁྲོད་སྤྱི་ཚོགས་འཛུགས་སྐྲུན་ལ་འབྲེལ་བའི་ཁྲིམས་སྲོལ་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་གི་གྲོས་ཞིབ་སྙན་ཞུ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་གྱི་གྲོས་ཞིབ་སྙན་ཞུ། ཉིས་སྟོང་ཉེར་གཉིས་ལོར་རྩིས་བཤེར་ཁྲོད་རྩད་ཆོད་པའི་གནད་དོན་ལེགས་སྒྱུར་གནས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཐེངས་གཉིས་པའི་གྲོས་ཚོགས་བསྡུ་བའི་སྐོར་གྱི་ཆོད་དོན་འཆར་ཟིན་བཅས་པར་འགྲེམ་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་བ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་ཁུར་བ་སོགས་གྲོས་ཚོགས་ལ་ཟུར་དུ་ཞུགས།