《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རགས་བཤད》ཅེས་པའི་སློབ་དེབ་ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས།
2023.11.29 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 20

《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རགས་བཤད》ཅེས་པའི་སློབ་དེབ་ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས28ཉིན་པེ་ཅིང་དུ་འཚོགས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་བསྐྲུན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ན་གཞོན་སློབ་མས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་ནས་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རགས་བཤད》ཅེས་པའི་སློབ་དེབ་ནི་ཏང་གི་གསར་གཏོད་གཞུང་ལུགས་དེ་སློབ་དེབ་དང་། སློབ་ཁང་། བསམ་བློའི་ལས་དོན་བཅས་ཀྱི་ཁྲོད་དུ་འཇོག་པར་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པས།《རགས་བཤད》ཅེས་པའི་སློབ་གཞི་དཔེ་སྐྲུན་བེད་སྤྱོད་བྱེད་པ་དེ་གོ་སྐབས་བཟང་པོར་བརྩིས་ནས་སློབ་ཁྲིད་བྱེད་མཁན་དགེ་རྒན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་སྟེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་བའི་དུས་རབས་ཀྱི་མི་རབས་གསར་པ་སྔར་ལས་ལེགས་པའི་སྒོ་ནས་སྐྱེད་སྲིང་བྱེད་དགོས།

ཤ་བོ་གསེར་མཚོས་བསྒྱུར།