ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ལིའུ་ཏ་ཡེ་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གཞུང་སྒྲུབ་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཏང་ཨུ་དང་སྲིད་གཞུང་ལ་རོགས་འདེགས་བྱས་ནས་དོན་ཆེན་བསམ་པ་དང་དོན་ཆེན་ལ་གྲོས་ཞིབ་བྱེད་པ། དོན་ཆེན་དམ་འཛིན་བྱེད་པ། དོན་ཆེན་བསྒྲུབ་པའི་སྟེང་རང་འགུལ་གྱིས་འབད་འཐབ་བྱེད་པ་དང་ཁག་ཁུར་འགན་བསྟར་བྱེད་པ། ཆབ་སྲིད་འཛུགས་སྐྲུན་ཐད་ནས་སྔར་ལས་ཤུགས་ལྡན་པ་དང་གཅིག་འདོམས་མཐུན་སྦྱོར་ཐད་ནས་སྔར་ལས་གོ་རིམ་ལྡན་པ། ཇུས་འདོན་ལས་རིགས་ཐད་ནས་ཐབས་ཇུས་ཡོད་པ། ལྟ་ཞིབ་ལག་བསྟར་ཐད་ནས་སྔར་ལས་ཕན་འབྲས་ལྡན་པ། ཞབས་ཞུ་འགན་སྲུང་ཐད་ནས་སྔར་ལས་ཤུགས་སྣོན་པ། ཞབས་ཞུ་གསུམ་གྱི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱིས་འགན་འཁྲི་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། རྣམ་པ་གསར་བར་བརྟེན་ནས་ལས་འབྲས་གསར་བ་བསྐྲུན་དགོས། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་ཁག་ཁུར་འབད་འཐབ་མངོན་པར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། སྲུང་སྐྱོབ་གཉིས་ཀྱི་སྟེང་ནས་མདུན་གྲས་སུ་བསྐྱོད་པ་དང་མིག་དཔེ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟེང་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་འདེགས་སྐྱོར་བཟང་བོ་བྱེད་པ། འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པའི་སྟེང་ནས་གཙོ་གནད་དམ་འཛིན་བྱེད་པ་དང་ཞན་ཆ་ཁ་གསབ་བྱས་ནས། འགན་འཁྲི་ལ་རྐང་འཛུགས་པ་དང་འགན་འཁྲི་ལ་གུས་སྐྲག་བྱེད་པ་དང་། ཁག་ཁུར་འབད་འཐབ་བྱེད་པ་དང་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས། དུས་རབས་གསར་བའི་གཞུང་སྒྲུབ་ཐིན་གྱི་བསམ་པའི་རྣམ་པ་མངོན་པར་བྱེད་པ་དང་། ལས་བྱེད་པས་བྱ་བ་བསྒྲུབ་པ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། རང་གཅུན་ནན་མོ་བྱེད་པའི་སྟེང་སྣེ་ཁྲིད་པ་བྱས་ཏེ། ཧུར་ཐག་གིས་ཏང་སེམས་བདེ་བ་དང་མི་དམངས་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་གསར་སྐྲུན་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།