ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2023.11.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་བཞུགས་མོལ་ཚོགས་འདུ་ཟླ11པའི་ཚེས28ཉིན་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཏ་ནན་གྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཀྲི་ཝུན་གྱིས་མགོ་འཛིན་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ལས་འགན་གཙོ་བོ་གཙིགས་སུ་འཛིན་པ། སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་བཀོལ་སྤྱོད་བཟང་བོ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་སློབ་རར་བསྐྱོད་པར་སྐུལ་འདེད་གཏོང་བ། རིག་གནས་པས་མི་སྐྱོང་བར་དོ་སྣང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་པ། སློབ་རའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་སློབ་གླིང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་མ་ལག་འཐུས་ཚང་དུ་བཏང་སྟེ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་དྲུང་ཡིག་ཚན་ཆུང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་ཐད་ཀྱི་ཉིན་རྒྱུན་གྱི་སྐོར་ཞིབ་དང་ལྟ་སྐུལ་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་དགོས། མཐོ་རིམ་ལས་རིགས་སློབ་གླིང་སོ་སོའི་གཙོ་གཉེར་སྡེ་ཁག་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ་དང་། འདུ་ཤེས་འཛིན་སྟངས་དང་བསམ་བློ་ཆབ་སྲིད། གཞི་རིམ་ཏང་འཛུགས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་བྱ་བར་གཅིག་འདོམས་དམ་འཛིན་བྱས་ནས། མཐོ་རིམ་སློབ་གྲྭའི་ལས་དོན་སྣ་ཚོགས་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། མཐོ་རིམ་སློབ་གྲྭ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་ཡིས་འགན་འཁྲི་མི་སྣ་དང་པོ་བྱེད་པ་དང་། ཚན་ཁག་གི་ཁོངས་མི་སོ་སོས་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱས་ནས། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་དམ་འཛིན་བྱེད་པ་དང་རྨང་གཞི་འདིང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བ་དམ་འཛིན་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཐོག་ཏུ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་། མཚོ་སྔོན་ཞིང་ཕྱུགས་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱིས་གཏམ་བཤད།

གྲོས་ཚོགས་སྔོན་དུ། ཚོགས་ཞུགས་མི་སྣས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བསམ་བློ་ཆབ་སྲིད་སློབ་ཁྲིད་ལ་ལྟ་སྦྱོང་བྱས།

རིན་ཆེན་མཚོས་བསྒྱུར།