ཟླ11པའི་ཚེས29ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་མཉམ་འབྲེལ་གྲོས་ཚོགས་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་བསམ་འཆར་བསྡུ་ལེན་མ་ཟིན་དང་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དོ་དམ་གྱི་ཚོད་ལྟའི་བྱེད་ཐབས་ཀྱི་བསམ་འཆར་བསྡུ་ལེན་མ་ཟིན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས།
ཚོགས་ཐོག་ནས་ཏང་ཀྲུང་དབྱང་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག་དང་རྒྱལ་ཡོངས་ཀྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་བཟོ་བཅོས་དང་ཡོངས་བསྒྲགས་བྱས་པ་དེའི་གོ་དོན་གཏིང་ཟབ་ཅིང་དོན་སྙིང་གལ་ཆེ་ལ། རང་ཞིང་གིས་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ཅེས་བསྟན།
ཚོགས་ཐོག་ཏུ། དུས་རབས་ཀྱི་འཁོར་ཕྱོགས་ལ་རྒྱུས་ལོན་དང་དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོན་པོའི་སློབ་གསོ་གསོ་སྦྱོང་ལ་བརྟེན་ནས་མཚོ་སྔོན་གྱིས་དུས་རབས་ཀྱི་གོ་སྐབས་དམ་འཛིན་དང་དུས་རབས་གསར་པའི་འཕེལ་རྒྱས་ཁྲོད་འདྲེས་པར་བྱེད་པར་རོགས་འདེགས་བྱེད་དགོས། ཀྲུང་དབྱང་གི་བླང་བྱ་ལྟར། དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་རིག་སྟོབས་ཀྱི་འདེགས་སྐྱོར་དང་ནུས་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་དང་དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་བསམ་ཕྱོགས་བྱེད་ཐབས་ལེགས་སྒྱུར་བྱས་ཏེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྤུས་ཚད་དང་གསོན་ཤུགས་བསྐྱེད་དགོས། ཞིང་ཆེན་གྱི་ངེས་གནས་ལ་རྐང་འཛུགས་པ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་ལས་འགན་གཙོ་བོ་དམ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནུས་ཡོད་ཀྱི་བསམ་བློ་ཆབ་སྲིད་འགན་སྲུང་དང་ནུས་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མ་འོངས་པའི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་བསམ་ཕྱོགས་བྱེད་ཐབས་དང་ལས་འགན་གཙོ་བོར་དམིགས་ནས་བརྗེ་རེས་གཏམ་བཤད་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།