ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་རྟོག་ཞིབ་བྱས།
2023.12.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ11པའི་ཚེས29དང30ཉིན་གཉིས་ལ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་དགོས་ལ།   རང་རྟོགས་ངང་དུས་རབས་གསར་པའི་རིག་གནས་འགན་འཁྲི་གསར་པ་ཁག་ཁུར་བཟང་བོ་བྱས་ཏེ་ཁག་ཁུར་གསར་པ་དང་བྱེད་ཐབས་གསར་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དུ།  ཁྲིན་ཀང་ཞིང་ཆེན་དྲ་རྒྱའི་བདེ་འཇགས་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་དྲ་རྒྱའི་བརྒྱུད་གཏོང་དོ་དམ་ཁྲུའུ།   དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་ཁྲུའུ་བཅས་སུ་སོང་ནས་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་པ་དང་།   དྲ་འཕྲིན་བྱ་བ་དེ་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འབྲེལ་བ་ཡོད་པ་དང་།    ཆབ་སྲིད་ལངས་གནས་མཐོར་འདེགས་དང་འཐབ་རྩོད་སྙིང་སྟོབས་ཇེ་དྲག་ཏུ་གཏོང་བ།    ལས་སྒོའི་བྱེད་ནུས་མཐོར་འདེགས་གཏོང་བ།   དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ།  རང་གཅུན་ནན་དགོས་པ་བཅས་ཀྱི་བྱ་བའི་བླང་བྱ་ལྟར།     ཁྲིམས་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་།    གཡུལ་ས་བརྟན་སྲུང་དང་སྐད་སྒྲ་བཟང་བོ་སྒྲོག་པ།    དྲང་ཕྱོགས་ཀྱི་བྱེད་ནུས་བརྒྱུད་གཏོང་བཅས་བྱས་ནས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་དཔེ་མཛོད་ཁང་དུ།  ཁྲིན་ཀང་གིས་དབང་བོ་སྐྱོན་ཅན་གྱི་ཀློག་པ་པོར་རིན་མེད་སྒོས་ཞབས་ཞུ་འདོན་སྤྲོད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་དང་།     ཞབས་ཞུའི་ཆུ་ཚད་དང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་རྣམ་པ་སྣ་མང་གི་དཔེ་ཀློག་ཁྱབ་གདལ་བྱ་འགུལ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་གི་སྣང་ཚུལ་བཟང་བོ་བསྐྲུན་དགོས།    ཞིང་ཆེན་འཁྲབ་རྩལ་སྡེ་ཚོགས་ཚད་ཡོད་འགན་འཁྲིའི་ཀུང་ཟི་རུ།  ཁྲིན་ཀང་གིས་འཁྲབ་སྦྱོང་བྱེད་བཞིན་པའི་འཁྲབ་སྟོན་པ་རྣམས་དང་བརྩེ་བའི་བརྗེ་རེས་བྱས་པ་དང་།   ཁོ་ཚོར་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ཀྱི་མི་ལ་སྐུལ་མ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དག་སྲུང་གསར་གཏོད་སྒོས་སྤུས་ལེགས་བརྩམས་ཆོས་མང་བོ་འཁྲབ་པ་དང་མང་ཚོགས་ཀྱི་ལྟ་འདོད་ཉན་འདོད་ཆེ་བའི་རྣམ་པར་བརྟེན་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་དགོས་པའི་སྐུལ་མ་བཏང་།

ཁྲིན་ཀང་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་དང་ཙོང་ཆུའི་རིག་གནས་དངོས་མང་བཤམས་སྟོན་ཁང་སོགས་སུ་སོང་ནས།    གནའ་རྫས་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པ་དང་ལོ་རྒྱུས་རིག་གནས་འགྲེམ་སྟོན་ལ་བལྟས་པར་མ་ཟད།   རིག་དངོས་སྲུང་སྐྱོབ་དང་གནའ་རྫས་ཞིབ་འཇུག    གནའ་བོའི་བཟོ་བཀོད་ཉམས་གསོ་སོགས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གནས་པའི་དཀའ་ཁག་དང་བྱ་བའི་གྲོས་གཞི་ཞིབ་ཏུ་དྲིས།   ཁོས་བསྟན་དོན།      མཚོ་སྔོན་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རིག་གནས་ནང་སྙིང་གཏིང་ཟབ་པས།     རིག་དངོས་སྔོག་འདོན་སྲུང་སྐྱོབ་དང་དོ་དམ་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་ཚན་རིག་ལྟར་རིག་དངོས་སྲུང་སྐྱོབ་དོ་དམ་སྡེ་ཁག་བཀོད་སྒྲིག་བྱེད་པ།   རིག་དངོས་ཐོན་ཁུངས་ཀྱི་ལོ་རྒྱུས་དོན་དངོས་རང་བཞིན་དང་རྣམ་པའི་ཆ་ཚང་རང་བཞིན།  རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་འགན་ཁུར་དགོས།   འབྲེལ་ཡོད་བྱ་བའི་མི་སྣའི་བརྩོན་སེམས་བསྐྱེད་པ་དང་།   ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭ་སོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ།    ལོ་རྒྱུས་རིག་གནས་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་ཧྭ་ཤེས་རིག་གི་འབྱུང་ཁུངས་འཚོལ་བའི་བཟོ་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།   རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་རིག་གནས་ལས་དོན་དར་རྒྱས་གཏོང་བ།   རིག་གནས་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ།    རིག་གནས་དགེ་མཚན་དེ་འཕེལ་རྒྱས་དགེ་མཚན་དུ་བསྒྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྟོབས་དང་ལྡན་པའི་བསམ་བློའི་འགན་སྲུང་དང་བསམ་བློའི་སྟོབས་ཤུགས།   དགེ་མཚན་ལྡན་པའི་རིག་གནས་ཆ་རྐྱེན་བཅས་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཏ་ནན་དང་ཝུའུ་ལ་ཙི་པའེ་ཁི་རེ་སུའུ་ལིས་ཧན།   ཀྲུའུ་ཞང་ཧྥིན།    ཧི་ལུའུ་ཁྲུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།