ཟླ11པའི་ཚེས30ཉིན། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་བའི་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། རྒྱལ་ཡོངས་བུད་མེད་དང་བྱིས་པའི་བྱ་བའི་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་བུད་མེད་དང་བྱིས་པའི་བྱ་བའི་གོ་གནས་དང་། དུས་རབས་ཀྱི་བརྗོད་གཞི། རྩ་བའི་བླང་བྱ་དང་ལས་འགན་བཅས་དམ་འཛིན་བྱས་ནས། བློ་སེམས་རྩེ་གཅིག་གིས་བློས་གཏོང་དང་ནུས་ཤུགས་ཡོད་རྒུ་ཡིས་དངོས་གཉེར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་མཐིལ་ཕྱིན་བྱས་ཤིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། བུད་མེད་དང་བྱིས་པའི་བྱ་བ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཆར་འགོད་ཁྲོད་ཚུད་པར་བྱས་ནས། གཅིག་གྱུར་སྒོས་སྐུལ་སྤེལ་བྱས་པ་དང་། ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བྱིས་པ་དམིགས་བསལ་དུ་འཛིན་པའི་རྩ་དོན་ཧུར་ཐག་གིས་ལག་ལེན་བྱས་ཤིང་། བུད་མེད་དང་བྱིས་པའི་སློབ་གསོའི་ཁེ་དབང་ལ་ཕན་ཡོད་འགན་སྲུང་བྱས་ནས། བདེ་ཐང་ཞབས་ཞུའི་མ་ལག་སྔར་ལས་ཇེ་ལེགས་དང་། འཕེལ་རྒྱས་ཁོར་ཡུག་སྔར་ལས་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱོད་ལམ་གསར་བའི་སྟེང་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། བུད་མེད་དང་བྱིས་པའི་བྱ་གཞག་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏོང་བ་གཉིས་ལ་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་སྤེལ། མཉམ་དུ་ལག་ལེན་བཅས་བྱས་ནས། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྔར་ལས་འགན་སྲུང་ཡོད་པར་བྱ་རྒྱུར་འབད་བརྩོན་བྱས་ཏེ། མི་ཚེ་མཚར་སྡུག་གིས་ཁེངས་ཤིང་འཚོ་བ་བདེ་སྐྱིད་ཀྱིས་རོལ་ཐུབ་པར་བྱ་དགོས། རྒྱ་ཆེའི་བུད་མེད་ཚོས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། བུད་མེད་ཀྱི་ལས་ཞུགས་ལམ་བུ་རྒྱ་ཆེར་བསྐྱེད་པ་དང་། བུད་མེད་ཀྱི་བདེ་ཐང་འགན་སྲུང་ལ་ཤུགས་བསྣན་ནས། བུད་མེད་ཀྱི་རྒྱལ་ཁབ་དང་སྤྱི་ཚོགས་བྱ་བའི་དོ་དམ་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། བྱིས་པ་དམིགས་བསལ་དུ་འཛིན་པའི་རྩ་དོན་སྔར་ལས་ཤུགས་དང་ལྡན་པའི་སྒོ་ནས་ལག་ལེན་བྱེད་པ་དང་། བྱིས་པའི་སློབ་གསོའི་འཕེལ་རྒྱས་དགེ་མཚན་རྒྱུན་འཁྱོངས་བྱས་ནས། བྱིས་པའི་བདེ་ཐང་ལ་འགན་སྲུང་བྱེད་དགོས་པ་དང་། བྱིས་པའི་ཕན་བདེ་དགེ་མཚན་ཇེ་མང་དུ་བཏང་ནས། བྱིས་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱེད་དགོས། ཁྱིམ་ཚང་སློབ་གསོ་དང་ཁྱིམ་ཚང་གི་སྤྱོད་ལམ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བུ་སྐྱེས་སྲིད་ཇུས་འཐུས་ཚང་དང་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་སྒར་ས་བསྐྲུན་པ། ཁྱིམ་ཚང་གི་མཛེས་སྤྱོད་དར་སྤེལ་དང་ཁྱིམ་སྲོལ་བཟང་བོ་འཛུགས་སྐྲུན་བྱེད་དགོས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ནས། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱས་ནས། བུད་མེད་དང་བྱིས་པར་གནོད་འཚེ་གཏོང་བའི་ནག་ཉེས་ལ་རྡུང་རྡེག་ནན་མོ་བྱས་ནས། ནར་མ་སོན་པའི་མིའི་དྲ་འཇུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་བཏང་ནས། བྱ་བའི་འགན་ནུས་ཁུར་དུ་ལེན་དགོས་ལ། ཏང་ཨུའི་འགོ་ཁྲིད་དང་སྲིད་གཞུང་གི་གཙོ་འགན་འཁུར་ལ། བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཚོགས་གྱིས་མཐུན་སྦྱོར་དང་། སྡེ་ཁག་མང་པོས་མཉམ་ལས་བཅས་བྱས་ནས། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་བུད་མེད་དང་བྱིས་པའི་བྱ་བའི་རྐྱེན་སྲོལ་ལེགས་པོ་ཞིག་འཛུགས་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རྩ་འཛུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྣམ་པ་སྣ་མང་གི་སྒོ་ནས་ཕོ་མོ་འདྲ་མཉམ་སོགས་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་དམིགས་སལ་དུ་འཛིན་པའི་རྩ་དོན་སོགས་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་ནས། བུད་མེད་ལ་བརྩི་བཀུར་དང་བྱིས་པར་སྲུང་སྐྱོབ་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་ཆགས་པར་བྱས་ཏེ། བུད་མེད་དང་བྱིས་པའི་བྱ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་མཉམ་ཤུགས་གྲུབ་པར་བྱེད་དགོས།
ཚོགས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་བུད་མེད་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་འགོ་འཛིན་བྱས།