བདེན་འཚོལ་དུས་དེབ་སྟེང་དུ་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2023.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ12ཚེས1ཉིན་པར་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་ཉེར་གསུམ་པའི་སྟེང་དུ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིརྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ།《རྨོ་ཞིང་སྲུང་སྐྱོ་ལ་ཤུགས་ཆེན་པོ་བསྣན་ནས།བ་ཚྭའི་ས་ཆ་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ལ་དམ་འཛིན་ཡག་པོ་བྱེད་དགོས》ཞེས་པ་སྤེལ

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།རྨོ་ཞིང་སྲུང་སྐྱོ་ལ་ཤུགས་ཆེན་པོ་རྒྱག་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས།འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་དང་།རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུ་ཡིན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྨོ་ཞིང་སྲུང་སྐྱོ་གནད་དོན་ལ་མཐོང་ཆེན་བླ་ལྷག་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ།རྨོ་ཞིང་གི་ཉེན་མཚམས་བརྟན་སྲུང་བྱས་པའི་དབང་གིསརྨོ་ཞིང་གི་གྲངས་འབོར་བསྟུད་མར་མར་ཆག་པའི་རྣམ་པ་སྤྱིའི་ཆ་ནས་བཀག་འགོག་བྱས་ཡོད། དུས་མཚུངས་སུ།རང་རྒྱལ་གྱི་མི་འབོར་མང་ཞིང་ས་ཞིང་ཉུང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་།རྨོ་ཞིང“ཞིང་ལས་མ་ཡིན་པའི་རིགས”དང“འབྲུ་རིགས་མིན་པའི་རིགས”ཀྱི་གནད་དོན་སྔར་བཞིན་ཅུང་འབུར་ཐོན་ཡིན་པ།རྨོ་ཞིང་གི་ཉེན་མཚམས་སྲུང་བའི་རྨང་གཞི་ད་དུང་བརྟན་པོ་ཚུགས་མེད་པ།ཞིང་ཁའི་ཆུ་བེད་ཐད་ད་དུང་བུ་ལོན་མང་པོ་ཡོད་པ་བཅས་རིག་པ་གསལ་བོའི་སྒོ་ནས་ངོས་འཛིན་བྱེད་ཐུབ་དགོས།དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་ཇེ་ཡང་དུ་ཕྱིན་མེད་པར་སྔར་ལས་དཀའ་ཚེགས་ཅན་དུ་གྱུར་ཡོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།རྨོ་ཞིང་སྲུང་བར་ཅིས་ཀྱང་བྱེད་ཐབས་གནད་འགག་ཅན་འགའ་སྤྱོད་དགོས། གཅིག་ནས་རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་དགོས། གཉིས་ནས་རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། གསུམ་ནས་རྨོ་ཞིང་བཟུང་གསབ་དོ་མཉམ་བྱེད་པའི་ལམ་ལུགས་བཅོས་སྒྱུར་དང་དེ་སྔར་ལས་འཐུས་ཚང་དུ་གཏོང་དགོས། བཞི་ན་ཞིང་པ་དང་ས་གནས་སྲིད་གཞུང་གིས་རྨོ་ཞིང་ལ་སྲུང་སྐྱོབྱེད་པ་དང་འབྲུ་རིགས་བཏབ་ནས་འབྲུ་རིགས་དོན་གཉེར་བྱེད་པའི་བརྩོན་སེམས་ལ་སྐུལ་སློང་གང་ལེགས་བྱེད་དགོས།ལྔ་ན་སྲོལ་རྒྱུན་མ་ཡིན་པའི་རྨོ་ཞིང་ཐོན་ཁུངས་སྣ་ཚོགས་གསར་སྤེལ་གང་ལེགས་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།