ཝུའུ་ཞའོ་ཅུན་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་འགུལ་སྐྱོད་མཐོར་འདེགས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས།
2023.12.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་འགུལ་སྐྱོད་མཐོར་འདེགས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཕྱོགས་ཡོངས་ནས་རྒྱལ་ཡོངས་ཀྱི་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་འགུལ་སྐྱོད་མཐོར་འདེགས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། དཀྱིལ་སྙིང་གི་འགྲན་རྩོད་ནུས་པ་མཐོར་འདེགས་དང་དཀྱིལ་སྙིང་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་གནད་སར་བཟུང་ནས། རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་མཐོར་འདེགས་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱལ་དབང་ཁེ་ལས་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤིང་དང་རྒྱབ་བརྟེན་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ཟོལ་མེད་ཀྱིས་བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་རྒྱལ་ཁབ་དབང་ལས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་འགུལ་སྐྱོད་མཐོར་འདེགས་བྱེད་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་སྟེང་གཅིག་གྱུར་བྱེད་པ་དང་། སྟོབས་དང་ལྡན་ཞིང་ཁྱད་དུ་འཕགས་པའི་རྒྱལ་དབང་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་ཤུགས་ཆེན་པོས་བཅོས་བསྒྱུར་ལས་འགན་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཐོན་ལས་ཀྱི་བཀོད་སྒྲིག་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས། ཁྱད་ལྡན་ཐོན་ལས་བཅས་ལ་བརྟེན་ནས། ཐོན་ལས་ཀྱི་ཁྱབ་ཁོངས་གསར་བ་དང་འགྲན་ལམ་གསར་བར་བཀོད་སྒྲིག་གང་ལེགས་བྱེད་དགོས་ལ། གཙོ་བོ་མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། ཁེ་ལས་ཀྱི་གསར་གཏོད་ཀྱི་གོ་གནས་གཙོ་བོ་འབུར་ཐོན་དུ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་དཀྱིལ་སྙིང་ལག་རྩལ་གྱི་འགག་སྒྲོལ་དང་གྲུབ་འབྲས་སྤོར་བསྒྱུར་བེད་སྤྱོད་བྱེད་པར་ཤུགས་སྣོན་བྱས་ནས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་དང་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་བྱེད་དགོས། བདེ་འཇགས་དང་ཉེན་ཁའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དང་། བདེ་འཇགས་ཀྱི་མ་མཐའི་ཚད་ཐིག་བརྟན་སྲུང་སྒོས་ཉེན་ཁ་འགོག་ནུས་པའི་ནུས་པ་མཐོར་འདེགས་བྱེད་དགོས། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་དབང་ཁེ་ལས་ཀྱིས་ནང་གི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་བྱེད་དགོས། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་སྒྲིག་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་གྱི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་རྒྱལ་དབང་ཁེ་ལས་ཀྱི་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས་ཟེར།

གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་ཁེ་ལས་བཅོས་བསྒྱུར་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་གནས་ཚུལ་སྙན་ཞུ་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་ཁེ་ལས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།