རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི“ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི”རྒྱལ་སྤྱིའི་ཚོགས་འདུར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ཀྲུང་གོ་རྟོགས་ཐུབ་པར་བྱེད་པའི་འགག་རྩ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྟོགས་ཐུབ་པར་བྱེད་རྒྱུ་དེ་ཡིན། དེང་སྐབས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་མདུན་ལམ་དང་ལས་དབང་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་བར་འབྲེལ་བ་དམ་ཟབ་ཡོད། ཚང་མས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོས་རྒྱལ་ཁབ་སོ་སོ་དང་ལྷན་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཞི་བདེ་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས། མཉམ་དུ་དར་རྒྱས་ཡོང་བ་བཅས་ཀྱི་འཛམ་གླིང་གི་དེང་རབས་ཅན་མངོན་འགྱུར་ཡོང་བར་བྱེད་པ་མཚོན་པར་བྱས་ཡོད་ཟེར།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ་དང་། ས་བབ་དང་འབྲེལ་བའི་འཁྲུག་རྩོད་ཟམ་མི་ཆད་པར་ཇེ་ཆེར་འགྲོ་བཞིན་ཡོད་ལ། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་སུ་སླེབས་ཡོད་པའི་དབང་གིས། ང་ཚོས་སྔར་ལས་ཀྱང་ལག་གདང་མཉམད་དུ་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུ་དང་། འཛམ་གླིང་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་དགོས།
ད་ལྟ་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ཁྲོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། རྒྱལ་ཁབ་སོ་སོའི་བར་གྱི་མཉམ་ལས་འཕེལ་རྒྱས་ཐད་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད་པ་མཚོན་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།