ཟླ12པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མཚོ་ནུབ་ཁུལ་དུ་སོང་ནས་ཡུལ་དངོས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་གཞིའི་ཐད་ཀྱི་ཁྱབ་བསྒྲགས་བྱས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་རིམ་པ་གསུམ་གྱིས་མཉམ་འབྲེལ་བྱས་ཏེ། ཡུལ་དངོས་ནས་གཞུང་སྒྲུབ་བཀོད་གཏོང་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་རེ་བ་ལག་བསྟར་བྱེད་པ། རྒྱལ་དོན་གལ་ཆེན་སེམས་ལ་དམ་པོར་འཛིན་པ། ཆབ་སྲིད་སྟེང་ནས་བལྟ་བ་དང་ཆབ་སྲིད་སྟེང་ནས་བསྒྲུབ་པ། ཆབ་སྲིད་སྟེང་ནས་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། དམ་འཛིན་ལྷོད་མེད་བྱེད་པ། ཞིབ་བཤེར་དང་དག་ཐེར་ལེགས་བཅོས་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས།
མཚོ་སྔོན་ཚྭ་མཚོ་སན་ཡོན་ཅཱ་ལུད་མ་རྐང་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཁེ་ལས་ཀྱིས་ཁྲིམས་དང་འགལ་ནས་ས་བཟུང་བ་སོགས་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚད་ལྡན་བཅོས་སྐྱོང་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབ་རྒྱུའི་རེ་བ་བཏོན། མཚོ་སྔོན་ཚྭ་མཚོ་མཱེ་ལས་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་རླངས་འགྱུར་རྫིང་བུ་དང་བསིལ་སྐམ་རྫིང་བུ་བཅོས་སྐྱོང་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་ནན་གྱིས་བསྟན་དོན། དག་ཐེར་ལེགས་བཅོས་དམ་འཛིན་བྱས་ཏེ། ཐོན་ཁུངས་ལེགས་བསྡུས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ན་གོར་མོ་གྲོང་ཁྱེར་ཁྲ་ཨར་ཧན་ཤར་ཁུལ་དུ། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཁེ་ལས་ལྔ་དང་མི་སྒེར་གྱི་ཚོང་གཉེར་ཁྱིམ་ཚང་གཉིས་ལ་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ལྟ་སྐུལ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དག་ཐེར་ལེགས་བཅོས་ཇུས་གཞི་གཏན་འབེབས་བྱེད་པ་དང་། དག་ཐེར་ལེགས་བཅོས་གྱི་འགན་འཁྲི་དང་དུས་བཀག་གཏན་ཁེལ་གསལ་བོ་བྱས་ནས། དག་ཐེར་ལེགས་བཅོས་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་བྱེད་དགོས་པའི་རེ་བ་བཏོན། ན་གོར་མོའི་ཙང་ཀི་ཅཱ་ལུད་ཚད་ཡོད་ཀུང་ཟི་རུ། ཝུའུ་ཞའོ་ཅུན་གྱིས་ཁེ་ལས་ཀྱི་ཁྲིམས་འགལ་ཆུ་ལེན་ཆུ་བཀོལ་སོགས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ཐད་ནས་རེ་བ་གསལ་བོ་བཏོན།
དེའི་རྗེས་སུ་བསྡུས་པའི་ལྟ་སྐུལ་མཛུབ་སྟོན་གྱི་ཆེད་དོན་གྲོས་ཚོགས་སྟེང་། ཝུའུ་ཞའོ་ཅུན་གྱིས་མཚོ་ནུབ་ཀྱི་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་དང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། དག་ཐེར་ལེགས་བཅོས་བྱ་བར་ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་བྱས། ཁོས་ནན་གྱིས་བསྟན་དོན། ལངས་གནས་མཐོར་འདེགས་གཏོང་བ་དང་འགན་འཁྲི་ཕྲག་ཏུ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གལ་ཆེན་སེམས་ལ་བརྟན་པོར་འཛིན་པ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ། རང་འགུལ་གྱིས་ངོས་ལེན་བྱེད་པ་དང་རྣམ་འགྱུར་ཇེ་བརྟན་དུ་གཏོང་བ། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལྟ་རྟོག་གི་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་ནས། གནད་དོན་བརྟག་བཤེར་ནན་མོ་མ་བྱས་ན་རང་དགར་མི་བསྐྱུར་བ་དང་དག་ཐེར་ལེགས་བཅོསམི་བྱས་ན་རང་དགར་མི་བསྐྱུར་བ། འགན་འཁྲི་ལག་བསྟར་མ་བྱས་ན་རང་དགར་མི་བསྐྱུར་བ། མང་ཚོགས་ཡིད་མ་ཚིམ་ན་རང་དགར་མི་བསྐྱུར་བ་བཅས་བྱེད་དགོས། མྱུར་དུ་བྱེད་ཐབས་སྤྱོད་པ་དང་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ་དང་། ལྟ་སྐུལ་བྱེད་ཞོར་དུ་དག་ཐེར་ལེགས་བཅོས་བྱེད་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱེད་པ། ལས་གཞིར་ཆོག་མཆན་འགོད་པའི་འགག་སྒོ་བརྟན་སྲུང་བྱེད་པ་དང་དཔྱད་འཇོག་མཆན་འགོད་ཀྱི་འགག་སྒོ་བརྟན་སྲུང་བྱེད་པ། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཁྲོད་ཀྱི་ཆུའི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་དང་ལྟ་རྟོག་ལ་ཤུགས་སྣོན་པ། ཚད་གཞི་མཐོན་པོ་དང་ལས་ཆོད་མཐོན་པོ། སྤུས་ཚད་མཐོན་པོས་འབུར་ཐོན་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་འཇལ་དང་སླར་གསོ་བྱ་བ་བཟང་བོར་སྒྲུབ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གྱོད་དོན་གྱི་རྒྱབ་ཕྱོགས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་རྩད་གཅོད་ནན་མོ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་དང་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གནད་དོན་གྱི་གསང་རྟོལ་ཆེན་པོ་དང་གྲལ་བཤེར་ཆེན་པོ། བཅོས་སྐྱོང་ཆེན་པོ། མཐོར་འདེགས་ཆེན་པོར་མཉམ་དུ་སྐུལ་འདེད་གཏོང་བ། ཤུགས་བཏོན་ནས་ལས་རིགས་རང་བཞིན་དང་ཁུལ་ཁོངས་རང་བཞིན། མང་འདུས་རང་བཞིན། བསྡུ་རུབ་རང་བཞིན་གྱི་གནད་དོན་ཐག་གཅོད་པ། ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གནད་དོན་ཕྱོགས་ཡོངས་ནས་གཙང་སེལ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་ཁག་ཐེག་བྱེད་དགོས། ལྟ་རྟོག་ལ་ཤུགས་སྣོན་པ་དང་ཁྲིམས་འཛིན་ནན་མོ་བྱེད་པ་དང་། འགོ་ཁུངས་ནས་བཀག་འགོག་བྱེད་པ་དང་བརྒྱུད་རིམ་ལ་དོ་དམ་ནན་མོ་བྱེད་པ། མཇུག་འབྲས་ལ་ཆད་པ་ནན་མོ་གཅོད་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་ལམ་ནན་མོས་བཙོག་ཟིང་བཅོས་སྐྱོང་བྱས་ནས། ཁོར་ཡུག་ཁྲིམས་འགལ་ལ་རྡུང་རྡེག་ནན་མོ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱེད་དགོས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཚྭ་མཚོའི་ཐོན་ཁུངས་ལེགས་བསྡུས་གྲོན་ཆུང་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་པ། ཐོན་ལས་ལྷད་མེད་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། གསར་གཏོད་དང་སྣེ་ཁྲིད་ནུས་པ་མཐོར་འདེགས་བཏང་ནས། ཚྭ་མཚོའི་ཐོན་ལས་ལེགས་བསྡུས་ཅན་དང་ལྗང་མདོག་ཅན། ཚད་མཐོ་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ལིའུ་ཐའོ་ཡིས་མཉམ་དུ་ལྟ་སྐུལ་མཛུབ་སྟོན་བྱས།
རིན་ཆེན་མཚོས་བསྒྱུར།