ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བའི་ཚོགས་འདུ་ཐེངས་དང་པོ་བསྡུས་པ་དང་། ཚོགས་ཆེན་ལས་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གྲ་སྒྲིག་བྱ་བའི་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་ལས་ཁུངས་སོ་སོའི་གྲོས་ཚོགས་གྲ་སྒྲིག་བྱ་བའི་ཇུས་གཞིའི་ཐད་ཀྱི་བསམ་ཚུལ་བསྡུ་ལེན་བྱས།
ཚོགས་འདུ་ལས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུ་བ་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུས་ཚད་མཐོའི་མཐོང་ཆེན་དང་། སྤྱི་ཚོགས་སྟེང་དོ་སྣང་ཚད་མེད་བྱེད་ཀྱིན་ཡོད། ཚོགས་ཆེན་གྲ་སྒྲིག་བྱ་བའི་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་། ལས་ཁུངས་སོ་སོས་རང་འགུལ་དང་ཧུར་བརྩོན་གྱིས་འགན་སྒྲུབ་ནན་མོ་བྱས་ཏེ། ཕན་ནུས་ལྡན་པའི་ལས་དོན་གང་མང་བསྒྲུབས་ཡོད། གྲ་སྒྲིག་བྱ་བའི་ལས་ཁུངས་ཀྱི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་ལས་འགན་ཞིབ་ཚགས་བཟོས་ཏེ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲ་སྒྲིག་བྱ་བའི་བླང་བྱ་དངོས་འབེབས་མཐའ་འཁྱོལ་བྱས་ནས། གྲ་སྒྲིག་ལས་དོན་ཁག་སྤུས་ཚད་མཐོན་པོས་སྤེལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་ཡིད་ལ་ངེས་པར་བྱས་ཏེ། ཆབ་སྲིད་ཁག་ཁུར་ཤུགས་དྲག་ཏུ་གཏོང་བ་དང་། ཆབ་སྲིད་འགན་འཁྲི་ཇེ་དམ་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་ཚོགས་ཆེན་བསྡུ་བར་འགན་སྲུང་གང་ལེགས་བྱེད་དགོས། ཚོགས་ཆེན་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། གཟབ་ནན་དོན་གཉེར་དང་ཡག་ཐོག་རྒྱན་བརྩེགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། གནད་འགག་གི་གོ་རིམ་བྱང་ཆུབ་པར་བྱས་ཏེ་ཚོགས་ཆེན་དངོས་གཉེར་ཕན་མཐོའི་སྒོ་ནས་བསྡུ་བར་ཁག་ཐེག་བྱེད་དགོས། ཚོགས་ཆེན་གྱི་གྲ་སྒྲིག་བྱ་བ་ཡག་པོར་སྒྲུབ་པའི་རྩ་འཛུགས་མཐུན་སྦྱོར་ནུས་པ་ཇེ་ཆེར་བཏང་སྟེ། སྔར་ལས་ཏན་ཏིག་གི་བྱ་བའི་བྱེད་ཕྱོགས་དང་བྱེད་ཐབས་སྤྱད་ནས། ཚོགས་ཆེན་རྒྱལ་ཁའི་ངང་བསྡུ་བར་ཁག་ཐེག་བྱེད་དགོས།
ཚོགས་ཆེན་གྲ་སྒྲིག་ལས་ཁུངས་ཀྱི་ཚན་ཆུང་སོ་སོའི་འགན་ཁུར་མི་སྣ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།