ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བློ་སྒྲིལ་སེམས་སྐྱེད་ཀྱིས་རྨང་གཞི་བརྟན་པོར་གཏོང་། མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་བར་བསྐྱོད་ཅེས་པའི་བརྗོད་དོན་སློབ་གསོའི་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས།
2023.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བློ་སྒྲིལ་སེམས་སྐྱེད་ཀྱིས་རྨང་གཞི་བརྟན་པོར་གཏོང་། མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་བར་བསྐྱོད་ཅེས་པའི་བརྗོད་དོན་སློབ་གསོའི་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་ཚོགས་འདུར་ཞུགས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་དང་། ཟི་ལིང་དུ་ཡོད་པའི་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ། ཏང་ཕྱིའི་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་རིམ་གྲས་གསར་བའི་འཐུས་ཚབ་མི་སྣ་སོགས་ཚོགས་འདུར་ཞུགས།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་དང་། རྩ་འཛུགས་ཞིབ་ཚགས་བྱས་ཏེ། སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པར་བྱས་ཤིང་། སློབ་སྦྱོང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་དང་གོ་རྟོགས་ཁྱབ་ཆེ་བར་བྱས་ནས། སློབ་སྦྱོང་གི་རྣམ་པ་ལེགས་པོ་ཞིག་བསྐྲུན། ཏང་ཕྱིའི་འཐུས་ཚབ་མི་སྣས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་དམིགས་ཏེ་རྟོག་ཞིབ་བྱས་པ་དང་། དཔྱད་འཇོག་གི་རིན་ཐང་ལྡན་ཞིང་ཚུལ་སྒྱུར་བྱེད་ཆོག་པའི་སྲིད་ཇུས་ཇུས་གཞི་ཁག་ཅིག་གྲུབ་པར་བྱས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཤེས་ལྡན་མི་སྣའི་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རིམ་གྲས་གསར་བའི་མི་སྣའི་མཛའ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྤྱི་ཚོགས་ཞབས་ཞུའི་ལས་དོན་དེ་བརྗོད་དོན་སློབ་གསོའི་བྱ་འགུལ་གྱི་གཙོ་གཞི་རུ་བྱས་ཏེ། ཧུར་ཐག་སྒོས་ཕྱོགས་སོ་སོའི་ཐོན་ཁུངས་མཐུན་སྦྱོར་དང་སྡེབ་སྒྲིག་བྱས་ཤིང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པའི་སྟེང་ནུས་ཤུགས་གང་ཡོད་བཏོན་ནས། བརྗོད་དོན་སློབ་གསོའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཇེ་གསལ་དུ་བཏང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། རྩ་འཛུགས་སྒོས་བརྗོད་དོན་སློབ་གསོ་སྤེལ་བ་ནི་མིག་སྔར་ངེས་པར་དུ་ཚད་གཞི་མཐོན་པོས་ལེགས་འགྲུབ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། ཐུན་མོང་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་པོར་བཏང་སྟེ། འོས་འགན་ཁག་ཁུར་ཤུགས་དྲག་དང་སྤྱི་ཡོངས་ཞབས་ཞུ་དང་ལེན་བྱེད་དགོས་ལ། ནུས་པའི་བྱང་ཚད་མཐོ་རུ་གཏོང་བ་དང་།  ལས་དོན་འཕེལ་རྒྱས་ཀྱི་མཐོ་ཚད་ལ་ཁག་ཐེག་བྱས་ནས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་རྟོགས་པར་བྱེད་དགོས། ནན་ཏན་གྱིས་བརྗོད་དོན་སློབ་གསོའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་དུས་ལྟར་ལེགས་སྒྲིག་བྱེད་པ་དང་། ལས་འགན་གཙོ་བོ་དངོས་འབེབས་གང་ལེགས་བྱས་ནས། བརྗོད་དོན་སློབ་གསོ་ལས་ཐོབ་པའི་ཉམས་མྱོང་བཟང་པོ་དང་བྱེད་ཕྱོགས་བཟང་པོ་དེ་ཡུན་ཕན་རྐྱེན་སྲོལ་དུ་བསྒྱུར་དགོས།

                                                                                                  རིག་འཛིན་སྒྲོལ་མས་བསྒྱུར།