ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ཞིབ་ཀློག་བྱ་བའི་གྲོས་ཚོགས་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས།
གྲོས་ཚོགས་ལས་བསྟན་དོན། རང་ཞིང་གི་ཁྲིམས་འཛུགས་སྲོལ་ཡིག་གཏན་འབེབས་བྱེད་དོན་ནི། བཟོ་བཅོས་བརྒྱབ་རྗེས་ཀྱི་ཁྲིམས་འཛུགས་བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱས་ཏེ་ས་གནས་ཁྲིམས་འཛུགས་བྱ་བར་འགན་འཁྲི་གསར་བ་དང་སྒྲིག་སྲོལ་གསར་བ་འདོན་རྒྱུ་མ་ཟད། རང་ཞིང་གི་ས་གནས་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་སྒྱུར་བཅོས་བྱས་པ་ཡིན་ལ། རང་ཞིང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་པ་སོགས་ཕྱོགས་ནས་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་འོས་འགན་འདུ་ཤེས་བཅངས་ཏེ། སྲོལ་ཡིག་ལས་གཏན་ཁེལ་བྱས་པའི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། སྲོལ་ཡིག་འཆར་ཟིན་གྱི་བྱེ་བྲག་གི་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས། རང་འདེམ་ཁུལ་གྱི་ཞིང་ཆེན་དམངས་ཆེན་གྱི་ཞིབ་ཀློག་གྲོས་སྡུར་བྱ་བར་ནན་ཏན་གྱིས་རྩ་འཛུགས་ཡག་པོ་བྱེད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་བསམ་ཚུལ་དང་གྲོས་གཞིར་ཞིབ་འཇུག་དང་བསྡུ་ལེན་བྱས་ཏེ། བཟོ་བཅོས་འཐུས་ཚང་བྱ་བ་ལེགས་པོར་སྒྲུབ་ནས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ལས་ཁྲིམས་འཛུགས་སྲོལ་ཡིག་འཆར་ཟིན་ལ་གྲོས་འཆམ་འབྱུང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ལས་དོན་གྱི་གཙོ་གནད་གཞི་རིམ་དང་སྲོག་ཤིང་འབྲེལ་གཏུག་ཡིན་ལ། གཞི་ཚུགས་ས་ཁྲིམས་འཛུགས་དང་དམིགས་ཡུལ་ནི་གཞི་རིམ་གྱི་རེ་བ་དང་བསམ་ཚུལ་ཕྱིར་མངོན་བྱེད་རྒྱུ་དེ་རེད། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་འཇུག་སྒོས་བྱ་བའི་ལམ་ལུགས་གཏན་འབེབས་བྱེད་པ་དང་། བློ་སྤོབས་ཆེན་པོས་གསར་གཏོད་དང་དཔའ་ངར་བསྐྱེད་ནས་ལག་བསྟར་བྱས་ནས། འབྲེལ་གཏུག་ས་གནས་ཀྱི་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་འབྲེལ་ཡོད་ལས་དོན་ལེགས་པོར་སྒྲུབ་དགོས་པར་མ་ཟད། འབྲེལ་གཏུག་ས་གནས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་ནས། འབྲེལ་གཏུག་ས་གནས་ཀྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག་ནུས་ལྡན་དང་གོ་རིམ་ལྡན་པར་ལས་དོན་སྒྲུབ་ཐུབ་པར་ཁག་ཐེག་བྱེད་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གཞོགས་འདེགས་བྱས་ཏེ་འབྲེལ་ཡོད་བྱ་བ་བཟང་པོར་སྒྲུབ་པ་དང་། ཤུགས་མཉམ་འདོན་གྱིས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།
རིག་འཛིན་སྒྲོལ་མས་བསྒྱུར།