ཟླ12པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཞིབ་ཐེངས་བཞི་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིབ་བཤེར་ཚན་ཁག་ལྔ་དུས་མཉམ་དུ་མཚོ་ཤར་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས། གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་དེའི་ཁོངས་གཏོགས་ཀྱི་ལི་ཏུའུ་ཆུའུ་དང་ཕེན་ཨན་ཆུའུ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་། མིན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་དང་མཁར་བྱང་ཆུའུ། ཧོང་ཀྲུང་ཆུའུ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། སྟོང་སྐོར་རྫོང་། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་བཅས་ས་ཁུལ་དང་ལས་ཁུངས་བཅུ་བཞི་རུ་བཅའ་སྡོད་བྱས་ཏེ་མི་འདེམས་བཀོལ་གྱི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ།
ཞིབ་བཤེར་བྱེད་པའི་སྐབས་སུ། ཞིབ་བཤེར་ཚན་ཁག་གིས་སྙན་ཞུར་ཉན་པ་དང་མི་རེ་ཟུང་ལ་དངོས་བཅར་གླེང་མོལ་བྱེད་པ། དཔྱད་ཡིག་འདོན་པ། ཁུངས་སྣེ་ཞིབ་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྐོར་ཞིབ་བྱ་ཡུལ་གྱི་ལས་ཁུངས་དང་དེ་བཞིན་དེའི་རིམ་པ་འོག་མའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། སྐོར་ཞིབ་བྱ་ཡུལ་དང་ལས་ཁུངས་ཀྱི་ཏང་ཨུས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས། ལས་བྱེད་པ་གདམ་གསེས་དང་བསྐོ་སྤྱོད་བྱ་བའི་སྲིད་ཇུས་ཀྱི་གཏན་འབེབས་ལག་བསྟར། མགོ་ཁྲིད་ཀྱི་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་གནས་ཚུལ། མི་བཀོལ་གྱི་ཁྲིད་ཕྱོགས་ཡང་དག་སྲུང་འཛིན། རྩ་འཛུགས་མི་དོན་གྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ་དང་མི་འདེམས་བཀོལ་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། ལས་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། ལས་བྱེད་པའི་རྒྱུན་ལྡན་གྱི་དོ་དམ་ལྟ་སྐུལ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་པར་མ་ཟད། མི་འདེམས་བཀོལ་ཐད་གནས་པའི་སྐྱོན་ཆ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་དང་ཆེད་དོན་ཞིབ་བཤེར་གྱི་ཆབ་སྲིད་ལྟ་སྐུལ་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་བ། སྐོར་ཞིབ་བྱ་ཡུལ་གྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གང་ལེགས་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་ལས་གཞན། ད་དུང་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱ་གཞག་བསྐྲུན་ཐུབ་པའི་རྣམ་པ་བཟང་པོ་ཞིག་ངང་གིས་གྲུབ་པར་སྐུལ་འདེད་གང་ལེགས་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།