ཞི་ཅིན་ཕིང་གི《རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ཨ་མེ་རི་ཁའི་མཛའ་མཐུན་ཚོགས་པའི་མཉམ་འབྲེལ་དགའ་བསུའི་གསོལ་སྟོན་སྟེང་གི་གཏམ་བཤད》ཅེས་པའི་དེབ་རྐྱང་མ་དཔེ་སྐྲུན་བྱས།
2023.12.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 135

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་མཛའ་མཐུན་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ཨ་མེ་རི་ཁའི་མཛའ་མཐུན་ཚོགས་པའི་མཉམ་འབྲེལ་དགའ་བསུ་ཞུ་བའི་གསོལ་སྟོན་སྟེང་གི་གཏམ་བཤད》ཅེས་པའི་དེབ་རྐྱང་མ་དེ། ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་འཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།