《ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པའི་སྟེང་གནང་བའི་གསུང་བཤད》ཅེས་པའི་དེབ་རྐྱང་མ་དེ། ཉེ་ལམ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་འཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད།
དཔེ་དེབ་འདིའི་ནང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་རྩེ་ཚོགས་སྟེང་ཡིག་ཐོག་ནས་ཕུལ་བའི་གསུང་བཤད་དེ། 《སེམས་ཤུགས་གཅིག་སྒྲིལ་སྒོས་མཉམ་དུ་འགྲན་སློང་བསུས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སུམ་ཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ཏེ། 《ཐོག་མའི་བསམ་འདུན་མ་བརྗེད་པར་མཐུན་སྒྲིལ་མཉམ་ལས་སྒོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་གཉིས་བསྡུས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།