མཚོ་སྔོན་ཞིང་ཆེན་གྱིས་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་མཉམ་འབྲེལ་གྲོས་ཚོགས་བསྡུས།
2023.12.10 ཁུངས། ཀློག་གྲངས། 30

ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སྣེ་ཁྲིད་དེ་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་སོགས་ཁོངས་གཏོགས་ལས་ཁུངས་ཉི་ཤུ་ལྷག་གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཞུགས་ལས་ཁུངས་ཁ་ཤས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་ལས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ས་གནས་སོ་སོ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་ཞིང་ཆེན་ཡོངས་ཀྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། སྤྱི་ཚོགས་འདྲ་མཉམ་དྲང་བཞག་ལ་སྲུང་སྐྱོང་དང་མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་ཆེད་བྱས་རྗེས་བཞག་ཡོད། འགན་འཁྲིའི་འདུ་ཤེས་དང་འོས་འགན་ཁུར་སེམས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་གཙོར་བྱས་ནས་ལས་དོན་ཁག་སོ་སོས་ཕན་འབྲས་ལོན་པར་སྐུལ་འདེད་གཏོང་དགོས། ལམ་སྲོལ་རྐྱེན་སྲོལ་བཅོས་སྒྱུར་དམིགས་སུ་འཛིན་པ་དང་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། འགན་ནུས་བྱེད་ནུས་དང་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་མགྱོགས་མྱུར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་དོ་སྙོམ་དང་སྡེབ་སྒྲིག་བྱས་ཏེ། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། འགན་སྲུང་ནུས་ཚད་ཇེ་ཆེར་བཏང་ནས། བཅའ་ཁྲིམས་ཞབས་ཞུ་ཡོངས་སུ་ཁེབས་པའི་རྣམ་པ་མངོན་འགྱུར་བྱེད་དགོས། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་ཡིད་ཚིམ་ཚད་ཇེ་མཐོར་གཏོང་བ་དང་། ཞབས་ཞུའི་ནང་དོན་གསར་གཏོད་བྱེད་པ། ཞབས་ཞུའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས། བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

གྲོས་ཚོགས་ལས་ས་གནས་སོ་སོ་དང་ཁོངས་གཏོགས་ལས་ཁུངས་སོ་སོས་རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་།  སྡེ་ཁག་བར་མཐུན་སྦྱོར་མཉམ་ལས་བྱས་ཏེ། མཉམ་འགུལ་གྱི་རྣམ་པ་ལེགས་པོ་མངོན་འགྱུར་དང་སྔར་ལས་ལྷག་པར་ལས་འགན་འགག་གཏོར་ལ་ཤུགས་སྣོན་དགོས་ལ།  གོང་འོག་མཉམ་འགུལ་མངོན་འགྱུར་དང་གཙོ་གནད་འབུར་ཐོན་བྱས་ཏེ་བྱ་བའི་འཆར་འགོག་ཡག་པོ་དང་བཀོད་སྒྲིག་ཡག་པོ་དེ་དངོས་འབེབས་ཡག་པོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞི་རིམ་ནས་དངོས་འབེབས་དོན་འཁྱོལ་བྱེད་པའི་བླང་བྱ་བཏོན།

                                                                                                                       རིག་འཛིན་སྒྲོལ་མས་བསྒྱུར།