ཟླ12པའི་ཚེས11ཉིན་ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དབྱང་ཧྥ་སིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཙིག་ཅུན་གྱིས་ཉེ་བའི་ལོ་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས།
ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་སྤྱི་འདོམས་སྐུལ་འདེད་འོག ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མགོ་འཛིན་སར་བརྩིས་ནས་དུས་ཡུན་རིང་པོའི་ནང་མཉམ་སྒྲུབ་མཉམ་འགུལ་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་གནད་དོན་ཁག་གཅིག་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པའི”བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད།
ཚོགས་འདུའི་ཐོག་བསམ་བློའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་ནས་དུས་རབས་གསར་པའི་ཏང་ཨུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ། སྲིད་གཞུང་གི་རྒྱབ་སྐྱོར་ལ་ཤུགས་སྣོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ལ་ཤུགས་སྣོན་པ། ཁྲིམས་ཁང་གིས་རང་འགུལ་བྱ་སྤྱོད་སྤེལ་བ། སྡེ་ཁག་བར་གཞོགས་འདེགས་མཐུན་སྦྱོར་བྱེད་པར་ཤུགས་སྣོནཔ། སྤྱི་ཚོགས་ལས་རིགས་སོ་སོ་ཧུར་ཐག་གིས་ཞུགས་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཕྱོགས་བསྡུས་ལེགས་བཅོས་བྱེད་པའི་རྣམ་པ་གསར་པ་འཐུས་ཚང་དུ་གཏོང་དགོས། “རྒྱལ་ཁབ་ཆེན་པོ་གཉིས”དང་“ཁྱོན་ཡོངས་ཆེན་པོ་གཉིས”ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་ཏེ། “ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཡང་དག་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགན་ནུས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲངས་ནས་གནད་དོན་དང་དགོས་མཁོ་ཁྲིད་སྟོན་དུ་བྱས་ཏེ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་ལག་བསྟར་ལས་དོན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མིག་སྔའི་ལག་བསྟར་ལས་དོན་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས། ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ལག་བསྟར་བྱེད་དཀའ་བའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་རང་སོ་སོའི་འགན་འཁྲིའི་ངེས་གནས་དང་ལས་འགན་ཁག་བགོས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ལག་བསྟར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།