ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས།
2023.12.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ12པའི་ཚེས11ཉིན། ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བའི་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཡོངས་གཞུང་ཞབས་པའི་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱས་ལ། དུས་རབས་གསར་བའི་ལོ་བཅུའི་རིང་གི་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ནས། བར་ཁྱད་དང་མི་འདང་སར་དབྱེ་ཞིབ་བྱས་པ་དང་། བྱ་བ་གཙོ་བོ་བཀོད་སྒྲིག་བྱས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་གནད་དོན་རྙེད་པ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་པ་བཅས་བྱས་ནས། གཞུང་ཞབས་པའི་བྱ་བའི་སྤུས་ཚད་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་བ་ཐོག་མའི་ལས་འགན་དུ་བརྩིས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྒྱ་ཆེའི་གཞུང་ཞབས་པས་བློ་བརྟན་འགྱུར་མེད་སྒོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པར་སློབ་གསོས་སྣེ་ཁྲིད་བྱེད་དགོས། གཞུང་ཞབས་པའི་དཔུང་ཁག་མགོ་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། རྒྱུགས་སྤྲོད་བསྡུ་ལེན་དང་། ལས་གནས་བསྐོ་འཐེན། གདན་ཞུ་བསྐོ་འཇོག་སོགས་ཀྱི་འགག་སྒོ་དམ་པོ་བྱེད་དགོས་ལ།  དཔུང་ཁག་གསུམ་གྱི་བརྗེ་རེས་ཐབས་ལམ་ཁོད་ཡངས་སུ་གཏོང་དགོས། སློབ་གསོ་གསོ་སྦྱོང་དང་ལག་ལེན་སྦྱོང་རྡར། ཆེད་ལས་སྦྱོང་རྡར་བཅས་ལ་ཤུགས་སྣོན་བྱས་ནས། འགན་སྒྲུབ་འཇོན་ནུས་མུ་མཐུད་ཇེ་ཆེར་གཏོང་དགོས། གཞི་རིམ་གྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྟོབས་ཤུགས་གསོག་འཇོག་དང་དཔུང་ཁག་ཇེ་བརྟན། ཐུགས་ཁུར་རོགས་རེས་སོགས་ཀྱི་སྟེང་ཤུགས་བཏོན་ནས། གཞི་རིམ་གཞུང་ཞབས་པ་བློ་སེམས་བདེ་བར་ལས་བརྩོན་བྱེད་དུ་འཇུག་དགོས། སྐུལ་སློང་ཡང་དག་དང་ཐུགས་ཁུར་རོགས་རེས་ལ་ཤུགས་སྣོན་བྱས་ཏེ། དངོས་གཉེར་གྱི་བྱེད་ཐབས་སྤྱད་ནས་རྒྱ་ཆེའི་གཞུང་ཞབས་པའི་ཁག་ཁུར་བྱེད་ཕྱོགས་མངོན་པར་བྱེད་དགོས། ཕྱོགས་ཡོངས་ཀྱི་དོ་དམ་དང་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། བསམ་བློར་བདག་བྱེད་པ་དང་བྱ་བར་དོ་དམ་བྱེད་པ། བྱེད་ཕྱོགས་ལ་དོ་དམ་བྱེད་པ། སྒྲིག་ཁྲིམས་དམ་སྲུང་བྱེད་པ་བཅས་ཀྱི་གཟབ་ནན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། མ་ལག་འདུ་ཤེས་ཤུགས་དྲག་དང་། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། བྱ་བའི་ཕན་འབྲས་བརྩོན་ལེན་བྱེད་པ། འགན་འཁྲི་དངོས་འབེབས་མཐའ་འཁྱོལ་བྱས་ཏེ། ལས་འགན་ལྕི་མོ་ཁུར་ཐུབ་པའི་བྱང་ཚད་མཐོ་བའི་གཞུང་ཞབས་པའི་དཔུང་ཁག་ཅིག་བསྐྲུན་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་། ཟི་ལིང་གྲོང་ཁྱེར་དང་། རྨ་ལྷོ་ཁུལ། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

                                                                                                 རིག་འཛིན་སྒྲོལ་མས་བསྒྱུར།