ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་བཞིན་པའི་སྐབས་འདིར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི། 《ཞི་ཅིན་ཕིང་དགའ་བའི་གཏམ་རྒྱུད》ལེ་ཚན་སྐབས་གཉིས་པའི་ཡོ་ནན་སྐད་ཀྱི་ལེ་ཚན་ཟླ12པའི་ཚེས11ཉིན་ཡོ་ནན་ནས་གཏོང་མགོ་བརྩམས།
《ཞི་ཅིན་ཕིང་དགའ་བའི་གཏམ་རྒྱུད》ཅེས་པའི་ལེ་ཚན་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་དང་རྩོམ་ཡིག གླེང་མོལ་བཅས་ཀྱི་ཁྲོད་དྲངས་པའི་ཀྲུང་གོའི་དཔེ་རྙིང་དང་གསུང་རབ་གྲགས་ཅན་དག་ཕྱོགས་གཅིག་ཏུ་བདམས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁྱེན་དཔྱོད་ཡངས་པོ་དང་མི་དམངས་བླ་རུ་བཀུར་བ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་ཐུགས་དགོངས་ཟབ་མོ་བཅས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད་པ་ལས་གཞན། ཀྲུའུ་ཞི་ཞི་ཅིན་ཕིང་ལ་མངའ་བའི། ཀྲུང་ཧྭའི་ཤེས་རིག་གི་ཐུན་མིན་ཁྱད་ཆོས་ལྡན་པའི་བསམ་པའི་ངོས་འཛིན་དང་དུས་རབས་གསར་པའི་ནང་སྙིང་། འཛམ་གླིང་ཧྲིལ་པོ་ཅན་གྱི་རིན་ཐང་བཅས་ཞུན་བརྡར་ཆོད་པའི་ངང་འགྲེལ་བཤད་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།