2023ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
2023.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ12པའི་ཚེས12ཉིན།   ཉིས་སྟོང་ཉེར་གསུམ་ལོའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།    ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་།   ཧྲིན་ཀྲང་གཞོན་པ།    ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་ཞིབ་ཕྲའི་བཀོད་སྒྲིག་བྱས་ཤིང་།    ཞིང་ཆེན་གྱི་འགོ་ཁྲིད་ཐེན་ཁུའེ་དང་ཀྲང་ཙིག་ཅུན།    ཀྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་།    ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱས་འཛོམས་གྲོས་ཚོགས་དང་ཟླ་ཟུང་བཀོད་གཏོང་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་ལ།   བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་གཅིག་ཅན་བཅུའི་བྱ་བའི་བླང་བྱ་སྣེ་ཁྲིད་དུ་བྱས་ནས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་ཀྱི་ཆབ་སྲིད་འགན་འཁྲི་ལག་བསྟར་བཟང་བོ་བྱེད་དགོས་པ་དང་།    ལྟ་སྐུལ་མཛུབ་སྟོན་གྱི་རལ་གྲི་རྣོན་པོ་དང་བཤེར་སྡུར་གྱི་མཛུབ་སྟོན་དབྱུག་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་བཟང་ཕྱོགས་སུ་འཕེལ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་དུ།    རྩ་འཛུགས་ལག་བསྟར་ཞིབ་མོ་དང་བྱེད་ཐབས་གཙིགས་སུ་བཟུང་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་དངོས་ཕན་འཚོལ་བའི་སྟེང་ཤུགས་འདོན་དགོས།    དཔྱད་སྡུར་དངོས་ཕན་འབུར་དུ་ཐོན་པར་བྱེད་པ་དང་།    ནུས་ཡོད་ཀྱི་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་ལ་བརྟེན་ནས་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དང་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི།    སྡེ་ཁག་གཞན་པའི་མཉམ་འཛིན་སྤྱི་སྒྲུབ་ཀྱི་འགན་འཁྲི་བཅས་ཇེ་དམ་དུ་བཏང་སྟེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།   གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ལས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོ།   ས་ཁུལ་གཙོ་བོ་བཅས་ཀྱི་དཀའ་གནད་དང་འགག་གནད་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།      སྒྲིག་ཁྲིམས་སྤྱོད་ཚུལ་གཟབ་ནན་དུ་གཏོང་བ་དང་བྱེད་ཐབས་དངོས་སྤྱོད་པ།    སྤྱོད་གཙང་གི་ཀུན་སྤྱོད་དང་དྲག་གཞག་གི་བྱ་སྤྱོད།   དངོས་གཉེར་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་བྱ་བ་དམ་འཛིན་བྱས་ཏེ་ལོ་མཇུག་གི་དཔྱད་ཞིབ་བྱ་བ་སྤུས་ཚད་མཐོན་པོས་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།