ཟླ12པའི་ཚེས12ཉིན་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཧི་ནེ་རུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ཀྲང་ཧྲི་མེ་དང་གྲོས་མོལ་གནང་།
ཚའེ་ཆི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་གདན་དྲངས་པ་ལྟར་ཆེད་དུ་ཡོ་ནན་ལ་འཚམས་འདྲི་མཛད་པ་དེའི་ཐོག་ནས་ཀྲུང་གོ་དང་ཡོ་ནན་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་ཡོ་ནན་གྱི་སྤྱི་ཚོགས་རིང་ལུགས་ལས་དོན་ལ་རྒྱབ་སྐྱོར་བརྟན་པོ་བྱས་པ་མཚོན་ཡོད། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱིས་དངོས་གཞིའི་གྲོས་མོལ་སོགས་གྲོས་རིམ་གལ་ཆེན་རབ་དང་རིམ་པ་བསྡུས་ནས། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་བར་རིམ་སྤོར་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱུང་། ད་ཐེངས་ཀྱི་འཚམས་འདྲི་དེ་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་ལོ་རྒྱུས་ཐོག་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལམ་ཚད་རྡོ་རིང་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། དེས་སྤྱི་ཚོགས་རིང་ལུགས་ལས་དོན་རྒྱུན་ཆད་མེད་པར་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་དང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་ཟབ་མོ་ཐེབས་རྒྱུ་རེད་ཅེས་གསུངས།
ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལ་ཞིབ་འཇུག་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་བསྐྲུན་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཉམ་དུ་ཚོད་འཛིན་བྱེད་ཐུབ་པ་དང་། ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་དང་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཕན་ཚུན་ལ་གྲུབ་འབྲས་ཐོབ་པ་དང་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བཅས་བྱས་ཏེ་དངོས་སྒྲུབ་མཉམ་ལས་ཀྱི་ཐད་སྤུས་འདེགས་རིམ་སྤོར་ཡོང་བར་བྱེད་དགོས། གསར་འགྱུར་སྨྱན་བྱད་དང་དེ་བཞིན་བཟོ་ཚོགས་དང་བུད་མེད། ན་གཞོན་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་བྱ་རྒྱུར་མཛུབ་ཁྲིད་བྱས་ནས་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་དང་དེ་བཞིན་ཕྱོགས་མང་རྩ་འཛུགས་དང་ལམ་སྲོལ་འོག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་་རྒྱུར་སྐུལ་འདེད་གཏོང་དགོས།
ཀྲང་ཧྲི་མེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་གྱི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་དང་གཏིང་ཟབ་ཏུ་འགྲོ་ངེས་རེད། ཕྱོགས་གཉིས་ཀྱིས་ཏང་བར་འགྲོ་འོང་བྱེད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་གདོང་ལེན་པའི་ནུས་པ་འདོན་སྤེལ་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཀྲང་ཧྲི་མེ་ཡིས་བསྟན་དོན། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་ཞི་བདེ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཐུབ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཁག་ལ་ཡོ་ནན་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་གྲོས་འགོ་དེ་དག་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ངོས་འཛིན་བྱེད་ཀྱིན་ཡོད། ཡོ་ནན་གུང་ཁྲན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཝང་དབྱི་གྲོས་མོལ་ལ་ཞུགས།