ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གྲོས་ཚོགས་བསྡུས།
2023.12.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྲོལ་ཡིག་དང་། 2023ལོ་ནས2027ལོའི་རྒྱལ་ཡོངས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞི་དངོས་འབེབས་བྱེད་པར་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་ཐད་ནས་བླངས་པའི་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བར་སྤྱི་བསྡོམས་བྱས་ལ། གནས་པའི་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ནས་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་དམིགས་འབེན་ལས་འགན་གསལ་བོར་བཟོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བར་ངོས་ཤེས་ཟབ་མོ་བསྐྱེད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པ་དང་ཟུང་འབྲེལ་གྱིས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་གི་འོས་འགན་སྤྲད་ནས། བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།  གཙོ་དོན་འབུར་ཐོན་བྱས་ཏེ། ཆབ་སྲིད་སྦྱོང་བརྡར་ཤུགས་དྲག་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས། སློབ་གསོ་གསོ་སྦྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། འགན་སྒྲུབ་ནུས་པའི་གསོ་སྦྱོང་དམ་འཛིན་གང་ལེགས་བྱེད་པ་དང་། སློབ་གསོའི་སྣེ་ཁྲིད་འོག་རྒྱ་ཆེའི་ལས་བྱེད་པས་སྒྲུབ་འདོད་པ་དང་། སྒྲུབ་ཕོད་པ། སྒྲུབ་མཁས་པ་བཅས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་སྒོས་སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཆེད་དོན་བཅོས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་འཐུས་ཚང་དུ་གཏོང་བ་དང་། སློབ་སྦྱོང་དང་བབ་ཆགས་ཀྱི་སྲོལ་བཟང་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས་ལ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་བརྟན་བརླང་གི་བསམ་བློ་ཆབ་སྲིད་ཀྱི་འགན་སྲུང་དང་ནུས་པའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས།

                                                                                                            རིག་འཛིན་སྒྲོལ་མས་བསྒྱུར།