ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། དུས་རབས་གསར་བའི་མཚོ་སྔོན་གྱི་ས་གནས་དམངས་ཆེན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་ཆེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་པའི་ཟླ་སྟོད་ནས་ཟླ་བཅུ་གཉིས་པའི་ཟླ་སྟོད་བར་དུ་རྟོག་ཞིབ་ལྟ་སྐུལ་ཚན་ཆུང་དྲུག་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་ལྟ་སྐུལ་བྱས།
རྟོག་ཞིབ་བྱེད་སྐབས། ལྟ་སྐུལ་ཚན་ཆུང་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། རྫོང་དང་ཡུལ་ཚོ། གྲོང་རྡལ། སྡེ་བ། ཁྲོམ་སྲང་སྐོར་ཞིག་ལ་སོང་ནས། ཡུལ་དངོས་སུ་འཚམས་འདྲི་བྱེད་པ་དང་དཔྱད་གཞི་ཡིག་ཆར་བལྟ་བ། སྙན་ཞུ་ལ་ཉན་པ། བཞུགས་མོལ་བརྗེ་རེས་སྤེལ་བ་སོགས་ཀྱི་རྣམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་གཞི་རིམ་གྱི་དམངས་ཆེན་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བྱ་བ་ལག་བསྟར་བྱེད་པར་མཛུབ་སྟོན་བྱས།
ལྟ་སྐུལ་ཚན་ཆུང་གིས་གྲོང་ཁྱེར་དང་ཁུལ་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ས་ཆ་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཟུང་སྦྲེལ་བྱེད་གནས་འཚོལ་བ། གོང་འོག་མཉམ་འབྲེལ་གྱིས་གནད་དོན་ཐག་གཅོད་པར་འབད་འཐབ་བྱེད་པ། མི་དམངས་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། ལས་ཁུངས་བཞིའི་གནས་ཐིག་གཏན་ཁེལ་གྱི་རེ་བ་ལ་དམིགས་པ། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པར་གསར་གཏོད་བྱེད་པ། དམངས་ཆེན་བྱ་བ་དང་འཛུགས་སྐྲུན་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་བཏང་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལེའུ་འབྲི་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།