ཞི་ཅིན་ཕིང་གིས་ཡོ་ནན་དུ་རྒྱལ་དོན་འཚམས་འདྲི་གནང་ཚར་ནས་ཕྱིར་རྒྱལ་ནང་དུ་ལོག
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ12པའི་ཚེས13ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་གནང་ཚར་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཕྱིར་རྒྱལ་ནང་དུ་ལོག

ཧི་ནེ་དང་ཁ་བྲལ་ནས་གནམ་གྲུ་ཐང་དུ་བསྐྱོད་པའི་ལམ་བར་དུ་ས་གནས་དེ་གའི་མང་ཚོགས་དང་ཕྱིར་སྡོད་རང་མི་གཞུང་ལམ་གཡས་གཡོན་དུ་འཛོམས་ནས་ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་སྟེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྐྱེལ་མ་ཞུས་པར་མཟད། འཚམས་འདྲི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས།

ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐེན་ཧུའེ་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནང་སྲིད་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་འཁུར་བའི་ཕན་ཐེན་ཀྲའོ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལིས་ཧོའེ་ཀྲུང་སོགས་ཡོ་ནན་གྱི་ཏང་སྲིད་འགོ་ཁྲིད་པ་དང་ས་གནས་ཀྱི་འཐུས་མིས་གནམ་གྲུ་ཐང་དུ་སྐྱེལ་མ་ཞུས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་སོགས་ཕེབས་རོགས་མི་སྣ་མཉམ་དུ་ཕྱིར་རྒྱལ་ནང་དུ་ལོག

ཤ་བོ་གསེར་མཚོས་བསྒྱུར།