ཞི་ཅིན་ཕིང་གིས་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
2023.12.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེའི་སྲིད་གཞུང་གནས་ས་རུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེའི་སྲིད་གཞུང་གནས་ས་རུ་ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གི་རླངས་འཁོར་རུ་ཁག་སྲིད་གཞུང་གནས་སར་འབྱོར་སྐབས་ཡོ་ནན་གྱི་ན་གཞོན་དང་ལས་རིགས་ཁག་གི་འཐུས་མི་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཁ་སང་། ངས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཕྱོགས་གཉིས་ཀས་མཉམ་ལས་ཡིག་ཆ་བཅུ་བཀོད་པར་བདེན་དཔང་བྱས་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་ཕྱོགས་སོ་སོར་ཁྱབ་ཡོད་པས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གསལ་བཤད་གང་ལེགས་བྱས་ཡོད། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀའི་ཕུགས་འདུན་དད་སེམས་གཅིག་མཚུངས་ཡིན་པ་དང་། མདུན་ལམ་དང་ལས་དབང་གཅིག་མཐུན་ཡིན། ང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད་པས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་སྔར་ལས་ཆེན་པོ་ཐོགས་པ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་སྦྱིན་ནས་ཡོ་ནན་གྱིས་བཟོ་ལས་ཅན་གྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱ་ངེས་ཡིན། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལ་གསབ་རེས་རང་བཞིན་ཆེ་བ་དང་འབྲེལ་བ་དམ་ཟབ་ཡོད། ཕྱོགས་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“ཁྱམས་གཉིས་འཁོར་གཅིག”གི་འཐབ་ཇུས་སྦྲེལ་མཐུད་མཉམ་ལས་ཀྱི་འཆར་འགོད་རྩ་གནད་བཀོད་དེ་རྒྱལ་ཁབ་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་བར་སྟོང་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་གྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཡོ་ནན་གྱི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བར་དུ་འབྲེལ་འདྲིས་དམ་ཟབ་བྱེད་པ། ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནུས་ཁུངས་གསར་པ་དང་གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ཀྲུང་གོ་དང་ཡོ་ནན་གཉིས་ཀྱིས་ཕན་ཚུན་རམ་འདེགས་བྱེད་དགོས། ཕྱོགས་གཉིས་ཀས་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་ཐད་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་པ་དང་། ཏང་སྐྱོང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཆོག ཕྱོགས་གཉིས་ཀས་ད་དུང་མི་གཞུང་བརྗེ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་གཞོན་རབས་པར་སྔ་ཙམ་ནས་ཀྲུང་གོ་དང་ཡོ་ནན་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་འཛིན་བྱེད་དུ་འཇུག་དགོས། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ཡོ་ནན་གྱི་གསར་བཅོས་སྒོ་འབྱེད་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དེ་ནི་རང་ཉིད་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་ཡིན་ལ། ཞི་བདེ་ལྷིང་འཇགས་ཀྱི་འཛམ་གླིང་དང་ལྷག་པར་དུ་སྒོ་འབྱེད་དཀྱེལ་ཡངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ལས་བྱུང་བ་ཞིག་ཀྱང་ཡིན་པས། ཕྱོགས་གཉིས་ཀས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ཟང་ཟིང་གཏོང་འདོད་པའི་བསམ་སྦྱོར་ཡོད་ཚད་ལ་དོགས་ཟོན་དང་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཐད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས་མཉམ་དུ་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

ས་དེའི་དུས་ཚོད་ཟླ12པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནེའི་སྲིད་གཞུང་གི་གནས་ས་རུ་ཡོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།

ཧྥན་མེན་ཀྲིན་གྱིས་ཡོ་ནན་སྲིད་གཞུང་གི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཡོ་ནན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཕུགས་བསམ་གཅིག་མཚུངས་དང་བགྲོད་ལམ་གཅིག་མཚུངས་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་དང་གསུང་བཤད་རེ་རེས་ཡོ་ནན་ཕྱོགས་ཀྱི་བསམ་བློའི་ངོས་འཛིན་དང་བརྩེ་དུང་གི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀའི་མཛའ་བརྩེ་དང་ཡིད་ཆེས་ཇེ་ཟབ་ཏུ་ཕྱིན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དང་ཇེ་ལེགས་སུ་ཕྱིན་ཡོད། ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཇུས་ཀྱི་མཐོ་ཚད་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ངེས་གནས་གསར་པ་གཏན་འཁེལ་བྱས་པ་དེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་། ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ཡོ་ནན་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས“ཟུང་འབྲེལ་གཉིས”ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ནང་ཞུང་ཨན་ཁུལ་གསར་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་སོགས་ཐད་ཀྱི་འཕེལ་རྒྱས་ཆེན་པོར་ཡིད་སྨོན་བྱེད་ཀྱིན་ཡོད་ལ། མུ་མཐུད་དུ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་གྱི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་བའི་ཁྲོད་ཀྱི་ལྟ་བ་གལ་ཆེན་ལ་ཡོངས་སུ་འཐད་པ་ཡིན། ཡོ་ནན་དང་ཀྲང་གོའི་བར་གྱི་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱུ་ནི་ཡོ་ནན་གྱི་ཏང་དང་སྲིད་གཞུང་གི་རིམ་པ་མཐོ་ཤོས་དང་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ལ། ཡོ་ནན་མི་དམངས་ཀྱི་རེ་སྒུག་ཆེན་པོ་ཞིག་ཀྱང་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་སྔར་ལས་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བཅས་བྱས་ནས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་ཏན་ཏིག་དང་། “སྔར་ལས་ཀྱང་དྲུག”ཅེས་པའི་དམིགས་ཚད་ལ་བརྩི་སྲུང་བྱེད་པ། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བཅས་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ས་གནས། དམངས་ཁྲོད། འགོག་སྲུང་། བདེ་འཇགས་སོགས་ཐད་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཡོ་ནན་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་སྙིང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན། ཡོ་ནན་དང་ཀྲུང་གོའི་འབྲེལ་བས་དུས་ཚོད་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཡོད་པས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གི་ཐེ་གཏོགས་དང་ཤུགས་རྐྱེན་ཐེབས་མི་སྲིད། ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ས་ཁུལ་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་འབུལ་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།

ཚའེ་ཆི་དང་། ཝང་དབྱི། ཝང་ཞའོ་ཧུང་སོགས་བྱེད་སྒོར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།