ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་ཁྲིད་དེ། ནོར་སྲིད་པུའུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་ཞིང་སྡེ་པུའུ། རྩིས་བཤེར་ཧྲུའུ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་སྨྱན་བྱད་ལ་འཚམས་འདྲི་བྱས་ནས། པུའུ་དང་ཞིང་ཆེན་བར་དང། ཀྲུང་དབྱང་དང་ས་གནས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ་སོགས་ཐད་ནས་བརྗེ་རེས་སྦྲེལ་མཐུད་བྱས་པ་དང་། རོགས་སྐྱོར་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ལ། མཉམ་ལས་ཀྱི་གྲོས་མཐུན་བཀོད་པ་དང་། ཐུན་མོང་གི་ལྟ་བ་གལ་ཆེན་གྲུབ་པར་བྱས། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལིས་ཞའོ་ཕིན། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་ཐང་རིན་ཅན། རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་པོ་ཧིའུ་ཁའེ། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་འགོ་གཙོ་ཧྲིན་ཧའེ་ཞུང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་འགོ་གཙོ་ཐའོ་ཀྲིན། ཞིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོ་ཧྥུའུ་ཧྭ་སོགས་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་མོལ་ལ་ཞུགས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་གི་སྨྱན་བྱད་ཀྱིས་ལོ་ངོ་མང་པོའི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། རོགས་སྐྱོར་དང་མཛུབ་སྟོན་ཆེན་པོ་གནང་བར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མིག་སྔར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་མཛེས་སྡུག་གི་འཆར་འགོད་ཕྱོགས་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་བཞིན་པའི་སྒང་ཡིན་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་གཙིགས་སུ་འཛིན་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་ལེགས་སྒྱུར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གིས་སྔར་བཞིན་དུ་མཚོ་སྔོན་ལ་སེམས་ཁུར་བྱེད་པ་དང་མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པ། མཚོ་སྔོན་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་པ་དང་། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་ཐད་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ། ལས་གཞི་འཛུགས་སྐྲུན་དང་མ་དངུལ་འགན་སྲུང་། ཐོན་ལས་རིམ་སྤོར། ལག་རྩལ་འདེགས་སྐྱོར། དྲིལ་སྒྲོག་བརྒྱུད་སྒྲོག་སོགས་ཕྱོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་རྣམ་པ་གསར་བ་བསྐྲུན་པར་རོགས་འདེགས་བྱེད་རྒྱུའི་རེ་བ་བཅངས་ཡོད།
རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱབ་སྐྱོར་བྱེད་དགོས་པའི་དོན་བྱ་ཐད་ནས་ལན་བཟང་བོ་བཏབ། ཁོ་ཚོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་དམིགས་བསལ་གྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་བསམ་གཞིགས་གང་ལེགས་གཏོང་བ། མཚོ་སྔོན་གྱིས་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པར་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་དར་སྤེལ་གྱི་ཕན་ཡོད་སྦྲེལ་མཐུད་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ལས་གཞི་གལ་ཆེན་ལག་བསྟར། བྱ་འགུལ་གལ་ཆེན་སྤེལ་བ་སོགས་ཀྱི་བྱ་བ་མཉམ་དུ་བཟང་བོར་སྒྲུབ་པ། བརྗོད་དོན་གལ་ཆེན་ལ་དམིགས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་གཏམ་རྒྱུད་བཟང་བོར་བཤད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་པ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝང་ཏ་ནན། ཀྲུའུ་ཞང་ཧྥིན། ལིའུ་ཁྲའོ། ཧི་ལུའུ་ཁྲུན་བཅས་སོ་སོར་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།